欧智卓玛歌曲封面
00:00
04:13
🔊

专辑
发行日期
2023-03-25
流派
暂无
时长
04:13
播放次数
2,356,789
收藏人数
156,432
歌词
相关信息

作词 : 欧智卓玛

作曲 : 丹贝尖参

和声:丹贝尖参

སེམས་ཀྱི་སྐད་ཆ། དྲང་མོར་བཤད་འདོད་ཀྱང་།

ན་ཟུག་རུམ་པའི་ལོ་ཟླ། ངས་ཇི་ལྟར་བརྗོད་ཀྱིས་ལང་།

གམ་གྱི་མི་དག སུ་ཡི་སེམས་ནང་ན་རྨ་ཁ་མེད།

ཡིད་ཀྱི་དགའ་སྐྱོ་ཐམས་ཅད།

ངོ་གདོང་ལ་རིམ་གྱིས་ཤར་ཡོང་ངེས།

ཐང་ཆད་པའི་དུས་ཞིག་ལ།

ངས་ཁྱོད་རང་ཡང་དང་བསྐྱར་དུ་དྲན་སྲིད་མོད། འོ།

སེམས་ཀྱི་འདུན་པ་ཟབ་མོ།

གཅེས་པའི་སྲོག་ལ་འཐིམས་པས།

བློས་གཏོང་གི་བསམ་པ་ང་ལ་མེད། ཡེ།

ད་ནས་བཟུང་། ངས་རང་གིས་རང་ལ་སེམས་གསོ་བྱས་ནས་ཡོད།

ངས་སྨོན་པའི་ཐང་ལ་སྐོར་གསུམ་རྒྱག་འདོད་ཡོད།

འཚོ་བའི་ངོ་གདོང་ལ་ལྟ་བཞིན་དུ།

དགོད་བཞིན་དུ། འཛུམ་གྱིས་བསུ་བཞིན་ཡོད།

དུས་ནམ་དུ་ཡང་།

ལང་ཚོའི་མེ་ཏོག་སད་ཀྱིས་མ་བཅོམ་བར་དུ།

ཚེ་ཡི་ཆུ་བོའི་བཞུར་རྒྱུན་མ་ཆད་བར་དུ།

འདི་ལྟར་ཁ་རོག་གེར་དལ་ཅག་གེར་མཛེས་སྡུག་གིས་འཚོ་བར་བྱའོ།

དྲན་པའི་ན་ཟུག དབྱངས་སུ་གྱེར་འདོད་ཀྱང་།

རེ་སྒུག་ཁྲོད་ཀྱི་ལོ་ཟླ། ངས་ཇི་ལྟར་བརྗོད་ཀྱིས་ལང་།

ལས་ཀྱི་རི་མོའི། ཁ་ཕྱོགས་གང་ཞིག་ཏུ་འཁོར་ན་ཡང་།

སེམས་དང་སེམས་ཀྱི་བར་ཐག

འགྱུར་མེད་དུང་ཞེན་གྱིས་འབྲེལ་ནས་ཡོད།

ཁེར་རྐྱང་གི་དུས་ཤིག་ལ།

ངས་ཁྱོད་རང་ཡང་དང་བསྐྱར་དུ་དྲན་སྲིད་མོད། འོ།

འགྱུར་བ་མེད་པའི་དམ་བཅའ་དེ།

དམར་ཆུང་སྲོག་ལ་འཐིམས་པས།

བློས་གཏོང་གི་བསམ་པ་ང་ལ་མེད། ཡེ།

ད་ནས་བཟུང་། ངས་རང་གིས་རང་ལ་སེམས་གསོ་བྱས་ནས་ཡོད།

ངས་སྨོན་པའི་ཐང་ལ་སྐོར་གསུམ་རྒྱག་འདོད་ཡོད།

འཚོ་བའི་ངོ་གདོང་ལ་ལྟ་བཞིན་དུ།

དགོད་བཞིན་དུ། འཛུམ་གྱིས་བསུ་བཞིན་ཡོད།

ངས་སྨོན་པའི་ཐང་ལ་སྐོར་གསུམ་རྒྱག་འདོད་ཡོད།

འཚོ་བའི་ངོ་གདོང་ལ་ལྟ་བཞིན་དུ།

དགོད་བཞིན་དུ། འཛུམ་གྱིས་བསུ་བཞིན་ཡོད།

历史记录

!
提示
播放失败哦,因为我没有版权😂哈哈哈。