q&p曲培音乐歌曲封面
00:00
04:00
🔊

俄金曲培【远方的黑帐篷】

专辑
远方的黑帐篷
发行日期
2024-02-23
流派
暂无
时长
04:00
播放次数
2,356,789
收藏人数
156,432
歌词
相关信息

编曲 : q&p曲培音乐

རྒྱང་རིང་འབྲོག་ཐང་གི་སྦྲ་ནག།

སྐར་མའི་བྱམས་བརྩེའི་ཁྲོད་གཟིམས་ཡོད།།

བྱམས་པ་ཐག་རིང་ནས་ཕེབས་པར།།

མཛེས་སྡུག་དུང་སེམས་ཀྱིས་སྒུག་ཡོད།།

བྱམས་པ་ཐག་རིང་ནས་ཕེབས་པར།།

མཛེས་སྡུག་དུང་སེམས་ཀྱིས་སྒུག་ཡོད།།

སྒོ་ཁྱིའི་ཟུག་སྐད་དེ་གྲགས་དུས།།

བུ་མོའི་སྙིང་གཏམ་དེ་དྲན་བྱུང་།།

སྐར་མ་མཛེས་སྡུག་གིས་འཚེར་ཡང་།།

མོ་གཞོན་ཞལ་རས་ལ་མི་དོ།།

སྐར་མ་མཛེས་སྡུག་གིས་འཚེར་ཡང་།།

མོ་གཞོན་ཞལ་རས་ལ་མི་དོ།།

ཨ་རག་བཟི་ཁ་དེ་རྒོད་པས།།

ཉིན་གཉིས་རྨི་ལམ་གྱིས་བསྐྱངས་སོང་།།

མཛེས་མའི་འཇོ་སྒེག་གིས་བཟི་བ།།

ལོ་ཟླ་མང་པོ་ལ་མ་སངས།།

མཛེས་མའི་འཇོ་སྒེག་གིས་བཟི་བ།།

ལོ་ཟླ་མང་པོ་ལ་མ་སངས།།

ཁེར་རྐྱང་སེམས་ཁུང་གི་གླུ་སྒྲ།།

མཚན་མོ་བརྒྱ་ཕྲག་ལ་བླངས་ཀྱང་།།

གཞས་ལ་རམ་སྐྱོར་དེ་མེད་པས།།

སྙན་མོ་ཡོང་བ་ཞིག་མ་རེད།།

གཞས་ལ་རམ་སྐྱོར་དེ་མེད་པས།།

སྙན་མོ་ཡོང་བ་ཞིག་མ་རེད།།

གཞས་ལ་རམ་སྐྱོར་དེ་མེད་པས།།

སྙན་མོ་ཡོང་བ་ཞིག་མ་རེད།།

历史记录

!
提示
播放失败哦,因为我没有版权😂哈哈哈。