
刚珠多吉(祖先)
作词 : 康索次
作曲 : 康索次
编曲 : 康索次
མེས་པོ་རྗེ་དྲན་༎
ཚིག་ ལ་སྟོད་རྒྱལ།ཨ་དགོང་བསྟན་རྒྱལ་
དབྱངས། འདན་བཀྲ་ཤིས་དཔལ་ལྡན་
གཞས་པ། གངས་ཕྲུགས་རྡོ་རྗེ།
་ཕྱི་ཡི་དགྲ་པོ་བཏུལ་བའི་དཔལ་རྩལ་ཅན་།
ནང་གི་འབངས་མི་སྐྱོང་བའི་སྙིང་སྟོབས་ཅན་།
མི་ཆོས་གསར་སྟོད་མཛད་མཁན་སྲོང་བཙན་རྗེ་།
ང་དང་གངས་ཅན་པ་ཡིས་དྲན་བཞིན་ཡོད་།
ཨོ་་་་་་་།
ང་ཡི་མེས་པོ་སྲོང་བཙན་སྒམ་པོ་ལགས་།
མཛད་འཕྲིན་བླ་ན་མེད་པ་དྲན་ཡོད་།
དྲན་བའི་འཕྲིན་དེ་ངག་གི་གླུ་ལ་བསྐུར་།
མུན་པའི་གླིང་་དུ་ཆོས་ཀྱི་སྒྲོན་མེ་སྦར་།
གངས་རའི་ལྗོངས་སུ་ཆོས་སྲིད་སྒོ་བརྒྱལ་ཕྱེས་།
གདོང་དམར་གཉིད་ལས་སློང་བའི་ཐོས་མི་རྗེས་།
ང་དང་གངས་ཅན་བོད་པའི་དྲན་གཞིན་ཡོད་།
ཨོ་་་་་་་།
ང་ཡི་མེས་པོ་ཐོན་མི་སམ་བྷོ་ལགས་།
བཀའ་དྲིན་བླ་ན་མེད་པ་དྲན་ཡོད་།
དྲན་པའི་འཕྲིན་པ་ངག་གིས་གླུ་ལ་བསྐུར་།
དགྲ་ལྷ་ཝེར་མའི་དཔུ་རྨོག་དགུལ་ལས་མཐོ་།
སྡང་དགྲ་འཇོམས་པའི་དཔལ་རྩལ་གློག་གཞིན་འཁྱུག་།
འཛམ་གླིང་འགྲན་ཟླ་མེད་བའི་དབའ་བོ་དེ་།
སྐྱེས་མཆོག་སེང་ཆེན་ནོར་བུ་དགྲ་འདུལ་རེད་།
ཨོ་་་་།
ངའི་མེས་པོ་སེང་ཆེན་ནོ་བུ་ལགས་།
མཛད་འཕྲིན་བླ་ན་མེད་པ་དྲན་ཡོད་།
དྲན་བའི་འཕྲིན་དེསྙན་མོའི་ངག་ལ་བསྐུར་།
ཨོ་་་།
ངའི་མེས་པོ་སེང་ཆེན་ནོ་བུ་ལགས་།
མཛད་འཕྲིན་བླ་ན་མེད་པ་དྲན་ཡོད་།
དྲན་བའི་འཕྲིན་དེསྙན་མོའི་ངག་ལ་བསྐུར་།