00:00
02:33
母语
歌词
相关信息
作词 : 久西才让
作曲 : 娘格尔
编曲 : 仁青道吉
ཀ་ཁ་ག་ང ང་ཡི་བླ་སྲོག
ཚིག འཇིགས་བྱེད་ཚེ་རིང་།
དབྱངས། ཨ་མཆོག་སྙིང་དཀར།
ལེན་མཁན། རིན་ཆེན་རྡོ་རྗེ།
ཀ་ཁ་ག་ང་ང་ཚོ་ཡི་ཡི་གེ
ཅ་ཆ་ཇ་ཉ་མི་རིགས་ཀྱི་བླ་སྲོག
དབྱངས་གསལ་གྱི་ཕྲེང་བ།
ཁྱེད་ནི་མུན་སེལ་གྱི་སྒྲོན་མེ་ཡིན།
ཏ་ཐ་ད་ན་མུ་ཏིག་གི་འོད་ཟེར།
པ་ཕ་བ་མ་རིག་ལམ་གྱི་ལྡེ་མིག
བོད་པ་ཡི་ཡིག་རིས།
ཁྱེད་ནི་གཞུང་ལུགས་ཀྱི་རྨང་གཞི་ཡིན།
གསལ་བྱེད་སུམ་ཅུ དྭངས་གཙང་གི་ཟས་མཆོག་ཡིན།
ཨི་ཨུ་ཨེ་ཨོ། སྒྲ་རིག་གི་གདངས་དབྱངས་ཡིན།
མཛེས་སྡུག་གི་ཀ་མད། ཁྱེད་ནི་བདག་སེམས་ཀྱི་ཡོད་ཚད་ཡིན།
ཙ་ཚ་ཛ་ཝ་བྱིས་དུས་ཀྱི་རྨི་ལམ།
ཞ་ཟ་འ་ཡ་མེ་ཏོག་གི་མགུལ་རྒྱན།
བདག་སེམས་ཀྱི་མིག་འབྲས།
ཁྱེད་ནི་ཨ་མ་ཡི་བསླབ་བྱ་ཡིན།
ར་ལ་ཤ་ས་ནང་སེམས་ཀྱི་ཤེས་རབ།
ཧ་དང་ཨ་ནི་སློབ་གླིང་གི་གསང་བ།
བརྡ་སྤྲོད་ཀྱི་སྨྲ་ལྕེ།
ཁྱེད་ནི་མིའི་རིགས་ཀྱི་བླ་སྲོག་ཡིན།