
五世多智钦赞歌
编曲 : 南木卡
རྡོ་གྲུབ་ལྔ་པའི་ཞབས་བརྟན་སྨོན་གླུ།
ཚིག མཁན་འཇིགས་མེད་འགྲོ་ཕན།
དབྱངས། དམངས་ཁྲོད།
ལེན་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།
དབྱངས་འགྱུར་བཅོས། ཇེང་།
རོལ་མོ་སྒྲིག་བཟོ། ཤེར་བྷ།
པི་ཝང། བསོད་ནམས་ཕུན་ཚོགས།
སྒྲ་ལེན་པ། ཤེར་བྷ།
སྒྲ་ཞིབ་སྦྱོར། ཤེར་བྷ།
རོལ་མོ་སྤྱིའི་ལྟ་སྐུལ་པ། ཤེར་བྷ།
ཡིག་སྒྱུར་པ། ཤེལ་འཇིགས།
ཀུན་བཟང་གཞན་ཕན་༼ཨེ་མ་༽དགྱེས་པའི་ཡང་སྤྲུལ། །
སོ། ཐུབ་བསྟན་ཀློང་ཡངས་༼ཨེ་མ་༽རིག་འཛིན་རྒྱ་མཚོ། །
སྐལ་བཟང་གདུལ་བྱའི་༼ཨེ་མ་༽མགོན་དུ་བཞུགས་ནས། །
སོ། འགྲོ་ཀུན་དགེ་བའི་ཆར་ཆེན་༼ཡང་ཡང་༽སྙིལ་ཤོག །
བཀའ་གཏེར་མན་ངག་༼ཨེ་མ་༽བྱེ་བའི་ཡང་ཏིག །
སོ། ཀློང་ཆེན་སྙིང་ཐིག་༼ཨེ་མ་༽བསྟན་པའི་བདག་པོ། །
མཆོག་གཉིས་དངོས་གྲུབ་༼ཨེ་མ་༽གདམས་ངག་བདུད་རྩིས། །
སོ། མཛད་འཕྲིན་ཕྱོགས་ཀྱི་མཐའ་རུ་༼ལྷག་ལྷག་༽རྒྱས་ཤོག །
གསང་ཆེན་དངོས་གྲུབ་༼ཨེ་མ་༽དགའ་བའི་ཡང་དབེན། །
སོ། རྩ་གསུམ་མཁའ་འགྲོ་༼ཨེ་མ་༽འདུ་བའི་ཚལ་དུ། །
ཟབ་མོོའི་ཆོས་ཀྱི་༼ཨེ་མ་༽བགོ་བཤའ་འགྱེད་བཞིན། །
སོ། མཆོག་སྤྲུལ་དམ་པའི་སྐུ་ཚེ་༼བསྐལ་བརྒྱར་༽བརྟན་ཤོག །