
རྒྱ་ཚ་ཞལ་དཀར་གྱི་དཔའ་གླུ།仁青朗加
སྒྲུང་ལེན་མཁན། རིན་ཆེན་རྣམ་རྒྱལ།
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
མ་ཐ་ལ་ལ་མོ་ཐ་ལ་ལེན། །
སྐྱབས་བླ་མ་ཡི་དམ་དཀོན་མཆོག་གསུམ། །
གནས་མི་འབྲལ་སྤྱི་བོའི་རྒྱན་ཏུ་བཞུགས། །
ང་འདྲ་ང་ངོ་མ་ཤེས་ན།
དཔའ་མི་འགྱུར་རྒྱ་ཚ་ཞལ་དཀར་ཡིན། །
ས་འདི་ཡི་ས་ངོ་མ་ཤེས་ན། །
འདི་གླིང་དཀར་མཐོང་བ་ཀུན་སྨོན་རེད། །
ཡང་རྒྱ་ཁྲ་ཉི་ཁྲི་ལྷ་བུ་གསུམ། །
རྒྱ་མི་ཆེན་དཔོན་གྱི་ཚ་བུ་ཡིན། །
རྟ་རྒྱ་བྱ་ཆུ་བྱ་རྨ་བྱ་གསུམ། །
རྒྱ་ནག་ཡུལ་གྱི་གྱི་ལང་རེད། །
མཚོན་ཡ་ཟི་ཨ་ཟི་འགུ་ཟི་གསུམ། །
སྨུག་པོ་རྒྱ་ཡིས་གནང་ལེ་ཡིན། །
ངའི་རྣོ་གཅོད་ཡ་ཟི་སྐར་ཕྲན་དེ། །
མི་གཞན་ལ་ནི་མ་གཏད་རང་གིས་ཉལ། །
འདི་འཆང་ན་རང་སྲོག་ཁེབ་ལེ་ཡིན། །
འདི་བྱར་ན་དགྲ་དཔུང་ཐུལ་ལེ་ཡིན། །
གྲི་བྱར་བ་མི་འདྲ་འབར་བ་འདྲ། །
བུ་རང་གི་དགྲ་ལ་འབར་བ་འདྲ། །
གྲི་གཡུག་པ་མི་འདྲ་ཟ་བ་འདྲ། །
སྡང་དགྲ་བོའི་གློ་སྙིང་ཟ་བ་འདྲ། །
སྒ་སྐྱ་ལོའི་མི་རྒྱུ་འཁོར་བཅས་དེ། །
གླིང་ཕུ་ནུའི་ལག་ལ་སྤྲད་ལེ་མིན། །
ཁྱོད་བདུད་ཀྱི་བུ་ལ་སྤྲད་པ་ན། །
དཔའ་རྒྱ་ཚ་ཤི་བའི་རོ་དང་འདྲ། །
གླུ་གོ་ན་རྣ་བའི་བུ་རིམ་གྱིས། །
མ་གོས་གླུ་ལ་འབྲེལ་བ་མེད། །