
林秋/霍宗成林【喜爱欢】
编曲 : q&p曲培音乐
བརྩེ་དགའ་དུང་གསུམ།
ཚིག ཟུར་ཆུང་འཇམ་དབྱངས།
དབྱངས། ཟུར་ཆུང་འཇམ་དབྱངས།
ལེན་མཁན། ལེགས་མཆོག་དང་ཧོར་གཙང་འཕྲིན་ལས།
གླུ་དབྱངས་འགྲེན་སྤེལ། ཨོ་རྒྱན་ཆོས་འཕེལ།
དབྱར་ཟླ་མགོ་མ་དྲིན་ཆེན་ཕ་མ་འདྲ།
ཉི་ཟེར་འཇམ་པོ་བརྩེ་བའི་ཕྱག་ཟུང་འདྲ།
སྐྱིད་མི་རྟག་དབྱར་གྱི་ཟིལ་བའི་གཤིས།
ལས་ཐོད་པ་བསོད་ནམས་ཟས་ཀྱིས་ཟིན།
སྐྱིད་ན་གླུ་ཆུང་ལེན་ས།
དྲིན་ཆེན་ཕ་ལོ་མ་ལོ།
སྡུག་ན་ཁུར་པོ་འཕེན་ས།
སེམས་ཀྱི་རྒྱབ་རི་སྨུག་པོ།
སེམས་ཀྱི་རྒྱབ་རི་སྨུག་པོ།
ཨ་རེ་ཡེ། ཡ་རེ་ལེན།
བུ་ངའི་དད་པའི་ཀློང་གི།
རྐང་ཆུང་མར་མེ་ཚེ་འབར།
བུ་ངའི་དད་པའི་ཀློང་གི།
རྐང་ཆུང་མར་མེ་ཚེ་འབར།
དུང་ཟླ་དཀར་བ་བྱམས་པའི་འཛུམ་འདངས་འདྲ།
འོད་ཟེར་འཇམ་པོ་དགའ་བའི་ཟུར་མིག་འདྲ།
ཆུང་རྩེད་གྲོགས་ཁྱོད་བཟང་ང་བཟང་ཡིན།
སེམས་བཟང་པོ་ཁྱོད་སྐྱིད་ང་སྐྱིད་ཡིན།
གོམ་གསུམ་གོམ་པའི་བར་ནས།
རྫི་གླུ་རྣ་ལ་སྙན་སོང་།
སྤྲིན་དཀར་ལུག་ཁྱུ་འཚོལ་བའི།
དགའ་ལོ་སྙིང་གི་འབྲོག་མོ།
དགའ་ལོ་སྙིང་གི་འབྲོག་མོ།
ཨ་རེ་ཡེ། ཡ་རེ་ལེན།
བུ་ངའ་དམར་ཆུང་སེམས་ཀྱི།
འབྲོག་མོ་སྙིང་ལ་རྗེ་བོ།
བུ་ངའ་དམར་ཆུང་སེམས་ཀྱི།
འབྲོག་མོ་སྙིང་ལ་རྗེ་བོ།
གཙང་གསུམ་ཆུ་བོ་མཐུན་པའི་སྤུན་ཟླ་འདྲ།
དྭངས་བསུལ་བཞུར་རྒྱུན་བརྩེ་བའི་ཕྱི་ཐག་འདྲ།
དགའ་གྲགས་སེ་འཛུམ་དུས་མཉམ་པོར་འགྲོ།
སྡུག་ལྷོངངེ་སྐྱོ་དུས་གཅིག་གྲོགས་གཅིག
རྒྱལ་ཁམས་རིག་པ་སྐོར་བའི།
སྙིང་གི་སྤུན་དང་ན་ཟླ།
སྐྱིད་སྡུག་གང་ལ་འཕྲད་ཀྱང།
མི་འགྱུར་སྙིང་གི་གྲོགས་པོ།
མི་འགྱུར་སྙིང་གི་གྲོགས་པོ།
ཨ་རེ་ཡེ། ཡ་རེ་ལེན།
བུ་ངའི་བརྩེ་བའི་སེམས་ཀྱི།
གྲོགས་བཟང་་ཉི་མ་རང་ཤར།
བུ་ངའི་བརྩེ་བའི་སེམས་ཀྱི།
གྲོགས་བཟང་་ཉི་མ་རང་ཤར།
བུ་ངའི་བརྩེ་བའི་སེམས་ཀྱི།
གྲོགས་བཟང་་ཉི་མ་རང་ཤར།