q&p曲培音乐歌曲封面
00:00
02:25
🔊

旦增康卓【爱的镶嵌】

专辑
爱的镶嵌
发行日期
2024-04-11
流派
暂无
时长
02:25
播放次数
2,356,789
收藏人数
156,432
歌词
相关信息

编曲 : q&p曲培音乐

བརྩེ་བའི་ཕྲ་རྒྱན།

གཞས་ཚིག གྲཱ་པ་སངས།

གཞས་གདངས།  བསྟན་འཛིན།

གཞས་མ། བསྟན་འཛིན་མཁའ་འགྲོ།

ཡིག་སྦྱོར།  ཨོ་་རྒྱན་ཆོས་འཕེལ།

གོམ་གསུམ་གོམ་པ་སྤོས་ནས། །

ལ་གསུམ་ལ་མོ་བརྒྱབ་ཡོད། །

ཚིག་གསུམ་སྙིང་གི་དམ་བཅའ། །

སྙན་མོའི་གཞས་ལ་བཅོལ་ཡོད། །

དམའ་མོའི་གཞུང་ལ་བལྟས་ཚེ། །

དཀར་དམར་མེ་ཏོག་བཞད་འདུག །

ལས་ཀྱིས་བསྐོས་པའི་བྱམས་པ། །

མེ་ཏོག་ཁྲོད་ནས་རྙེད་བྱུང་། །

མི་འགྱུར་གཡུང་དྲུང་རི་མོ། །

སོ་སོའི་སེམས་ལ་བརྐོས་ཡོད། །

དམ་ཚིག་གསེར་གྱི་རྒྱུད་སྐུད། །

སོར་མོས་དབྱངས་ལ་བརྒྱུས་ཡོད། །

བརྩེ་བ་བྱུ་རུའི་ཕྲ་རྒྱན། །

མགུལ་དུ་སྒྲོན་པ་གནང་དང་། །

མཛའ་གཅུགས་ཡིད་ཀྱི་འཁྲི་ཤིང་། །

རང་རང་ས་ནས་གཉོར་ཆོག །

历史记录

!
提示
播放失败哦,因为我没有版权😂哈哈哈。