藏堂歌曲封面
00:00
03:31
🔊

藏堂-Holy land

专辑
སྒྲ་འཕྲུལAKOASM-中部
发行日期
2021-03-15
流派
暂无
时长
03:31
播放次数
2,356,789
收藏人数
156,432
歌词
相关信息

作词 : 藏堂

作曲 : 德赛次平

Recorded: Yeshi

Mixing by: Yeshi

Mastering:Yeshi

Hook:Ake B.T

གངས་རིས་སྐོར་བའི་ཞིང་ཁམས་

འདི་ནི་ང་ཚོ་སྐྱིད་པའི་ཕ་ཡུལ་རེད།

ང་ཚོ་འཚོ་གནས་བྱེད་ས་རེད།

ཚེ་སྔོན་སྨོན་ལམ་བཟང་པོས་

ང་ཚོ་འདི་ལ་སྐྱེས་ང་ཚོ་འདི་ནས་འཛོམས།

སྐྱིད་པའི་ཕ་ཡུལ་ལགས་ནམ་ཡང་བརྗེད་མི་སྲིད།

Verse:Ake B.T

ཁམས་ཟེར་བ་འདི་ནས་ཤེས།

ང་སུ་ཡིན་ཁྱོད་ཀྱིས་ཤེས།

དྲིན་ཕ་མས་སྐྱང་བའི་བྱམས་བརྩེ།

ཡུལ་སྤུན་ཟླས་འཁུར་བའི་ལ་རྒྱ།

ཁོ་རེ་ཉོན་དང་དོན་མེད་ཀྱིས་སྐད་ཆེན་པོ།

ང་ཁམས་པ་ཟེར་བའི་མིང་དེ་མ་རེད།

ཕ་ཡུལ་ཆབ་མདོ་ནས་ཡིན་གདའ།

མ་རྗེད་མ་བརྗེད། སྐྱིད་པའི་ས་ཆ་འདི་འདྲ་

ང་ཚོ་ཡི་བསོད་ནམ་རེད།

དེ་རིང་འདི་ལ་ཡོད་པའི་ཕ་ཡུལ་ཅིག་པའི་མི་སུ་ཡིན་ཡང་

སེམས་མཐུན་པའི་གྲོགས་པོ་ཡིན་དགོས།

ཡིད་དགའ་བའི་གླུ་ཞིག་ལེན་དགོས།

ཡ་ཁོ་རེ། སྲོལ་བཟང་པོ་མེས་པོས་བཞག་གདའ།

དེ་རྒྱུན་འཁྱོང་ང་ཚོས་བྱེད་དགོས།

ཆུང་བྱིས་པ་ཨ་མའི་པང་ནས་

ཚིག་དང་པོ་ཨ་མའི་ནོར་བུ་

ང་ལ་ལྟོས་ཨ། གད་མོ་དགོད་ཨ།

ཨ་མའི་ནོར་བུ་སེམས་ལ་བཟུང་ཨ།

མི་བཟང་པོ་གྱིས་ཨ།

ཁ་ཡག་བཀྲིས་མ་ནི་ཚེ་གཅིག

རྩམ་དཀར་ནས་ཆང་འབྲི་ཞོ་འོ་མ།

སྐྱབས་བཅོལ་ས་དཀོན་མཆོག་གསུམ་དེ།

རེ་བ་དང་པོ་འཛམ་གླིང་ཞི་བདེ།

ཆུང་དུས་ཀྱི་ཨ་མས་སེམས་གསོ་

ད་ཏ་བུ་ངའི་བསམ་བློའི་སློབ་གསོ།

དེ་ཐམས་ཅད་ང་ཚོའི་ཆེད་དུ་ཡིན་པ་ཤེས་པ་གྱིས།

རེད། ཤེས་རིག་གི་མེ་ཏོག་གཏོར་དང་ཁམས་ཟེར་བ་མིང་ནས་ཐོས་ཡོང་།

Hook:Ake B.T

གངས་རིས་སྐོར་བའི་ཞིང་ཁམས་

འདི་ནི་ང་ཚོ་སྐྱིད་པའི་ཕ་ཡུལ་རེད།

ང་ཚོ་འཚོ་གནས་བྱེད་ས་རེད།

ཚེ་སྔོན་སྨོན་ལམ་བཟང་པོས་

ང་ཚོ་འདི་ལ་སྐྱེས་ང་ཚོ་འདི་ནས་འཛོམས།

སྐྱིད་པའི་ཕ་ཡུལ་ལགས་ནམ་ཡང་བརྗེད་མི་སྲིད།

Hook:Ake B.T

གངས་རིས་སྐོར་བའི་ཞིང་ཁམས་

འདི་ནི་ང་ཚོ་སྐྱིད་པའི་ཕ་ཡུལ་རེད།

ང་ཚོ་འཚོ་གནས་བྱེད་ས་རེད།

ཚེ་སྔོན་སྨོན་ལམ་བཟང་པོས་

ང་ཚོ་འདི་ལ་སྐྱེས་ང་ཚོ་འདི་ནས་འཛོམས།

སྐྱིད་པའི་ཕ་ཡུལ་ལགས་ནམ་ཡང་བརྗེད་མི་སྲིད།

Verse:Yeshi

ཡ་ཁི་རེ། ཆུང་བྱིས་པའི་དུས་ནས་ཕ་མའི་གསུང་མྱོང

རང་མིང་ལ་ཡེ་ཤེས།

རང་སྐྱེས་བོད་རེད།

རང་ཡོང་ས་ཁམས་རེད།

བྱམས་སྙིང་རྗེ་ཆོས་རེད།

ཡིད་སྐྱོ་ཡང་བློས་མ་གཏོང་རྒྱུན་འཁྱོངས་བྱེད་ཕ་བཟང་བུ།

མིར་ཉམས་ཆུང་འོར་མ་ཤོད་འགོ་མ་སྐོར་ཨ་མའི་བུ།

དེ་མ་རྗེད་ཨ་མའི་ནོར་བུ། ལས་རྒྱུ་འབྲས་མཛུབ་མིའི་རྩེ་ནས།

ས་གང་སོང་དྲན་གྱིས་སྐྱོང་ཡོང་། ལས་གང་སྒྲུབ་རང་གིས་འབད་བརྩོན།

བྱ་ཐང་དཀར་རྒོད་པོའི་གཤོག་རྩལ་མེད་ཀྱང་།

དེ་འདྲ་བའི་ནམ་འཕངས་གཅོད་དགོས།

དེ་མ་རྗེད་ཨ་མའི་ནོར་བུ། ཕ་བཟང་པོ་བུ་ཡིན་གསུང་གིས།

གསུང་གི་གསུང་གི། དུས་ད་བར་ཕྱིན་པའི་ལོ་རྒྱུས་

གནའ་སྔ་མོའི་སྒྲུང་ནས་གསུང་གིས།

ཡུལ་གངས་རིས་སྐོར་བའི་བོད་ལྗོངས།

སྤང་མེ་ཏོག་སྐྱེ་སའི་ཡུལ་ལྗོངས།

བརྗིད་ཉམས་ལྡན་པའི་ཕོ་བྲང་དམར་པོ།

ང་མེས་པོའི་སེམས་ཀྱི་ནོར་བུ།

བུ་ང་ཚོ་སྤོབས་པ་སྐྱེས་ས།

ཡུལ་གངས་ཅན་ལྗོངས་ཀྱི་རྒྱན་ཆ།

HOOK:Ake B.T

གངས་རིས་སྐོར་བའི་ཞིང་ཁམས་

འདི་ནི་ང་ཚོ་སྐྱིད་པའི་ཕ་ཡུལ་རེད།

ང་ཚོ་འཚོ་གནས་བྱེད་ས་རེད།

ཚེ་སྔོན་སྨོན་ལམ་བཟང་པོས་

ང་ཚོ་འདི་ལ་སྐྱེས་ང་ཚོ་འདི་ནས་འཛོམས།

སྐྱིད་པའི་ཕ་ཡུལ་ལགས་ནམ་ཡང་བརྗེད་མི་སྲིད།

历史记录

!
提示
播放失败哦,因为我没有版权😂哈哈哈。