
00:00
02:38
情投意合 青梅旦周
歌词
相关信息
编曲 : 康索次
སེམས་མཐུན་།།
情投意合
ཚིག་་་ཀུན་དགའ་ཉི་མ།
词:更尕尼玛
དབྱངས་་་རྒྱལ་པོ།
曲:佳宝
གཞས་པ་་་འཆི་མེད་དོན་འགྲུབ།
原唱:青梅旦周
ཡར་ཀའི་སྤང་ལྗོངས་སྟེང་གི།
རྩྭ་ཆུ་སྐྱིད་ལ་རོལ་བའི།།
ཤྭ་བ་ཕོ་མ་ཡི་བརྩེ་དུང་།།
ཅི་འདྲའི་ཡིད་སེམས་མཐུན་པ།།
ཨོ་་་ཧོ་་་་། རྩྭ་ཆུ་སྐྱིད་ལ་རོལ་བའི།།
ཨོ་་་ཧོ་་་་། ཤྭ་བ་ཕོ་མ་ཡི་བརྩེ་དུང་།།
ཅི་འདྲའི་ཡིད་སེམས་མཐུན་པ།།
དལ་འབབ་མཚོ་མོའི་འགྲམ་ན།།
གསེར་བྱ་ངང་བ་ཆ་གཅིག།
འཐུང་རྒྱུ་ཆུ་ལས་མེད་ཀྱང་།།
ཅི་འདྲའི་ཡིད་སེམས་མཐུན་པ།།
ཨོ་་་ཧོ་་་་། གསེར་བྱ་ངང་བ་ཆ་གཅིག།
ཨོ་་་ཧོ་་་་། འཐུང་རྒྱུ་ཆུ་ལས་མེད་ཀྱང་།།
ཅི་འདྲའི་ཡིད་སེམས་མཐུན་པ།།
སྡེ་ཆེན་ན་ཟླའི་དཀྱིལ་ན།།
ཚེ་གཅིག་འདུན་པ་བཅོལ་བའི།།
ང་དང་ཆུང་འདྲིས་བྱམས་པ།།
ཅི་འདྲའི་ཡིད་སེམས་མཐུན་པ།།
ཨོ་་་ཧོ་་་་། ཚེ་གཅིག་འདུན་པ་བཅོལ་བའི།།
ཨོ་་་ཧོ་་་་། ང་དང་ཆུང་འདྲིས་བྱམས་པ།།
ཅི་འདྲའི་ཡིད་སེམས་མཐུན་པ།།