藏堂歌曲封面
00:00
02:21
🔊

命运的轨迹

专辑
FIRE-Yeshi
发行日期
2024-04-09
流派
暂无
时长
02:21
播放次数
2,356,789
收藏人数
156,432
歌词
相关信息

(混音)Mixing by:Yeshi

(母带)Mastering:Yeshi

Verse:Yeshi

འཚོ་བ་སྐྱོ་པོ་བསྐྱལ་འདོད་མེད་ཙང་སྒང་ལ་འཛེག་དགོས་བསམ།

ཡིན་ནའི་ཁོ་ཚོས་ང་ཡི་གདོང་ལ་བལྟས་བྱས་རྩེད་མོ་རྩེ་གིས་བསམ།

འཁྱམ་པོ་གཅིག་གི་ཕུགས་བསམ་བཤད་ན་གད་མོ་རེད་ཟེར་བཤད།

ཁོ་ཚོས་འཚོ་བའི་རྡོག་ཁྲེས་རྒྱབ་ལ་འཁྱེར་དུས་གདམ་ཁ་མེད་ཟེར་བཤད།

སེམས་ནང་འགྱོད་པས་ཁེངས་བསྡད་ནས་སྐྱིད་པའི་འཛུམ་མདངས་བསྟན།

ངས་སྔོན་ཆད་ཨ་མའི་གདོང་སྒང་གི་བཏང་པའི་མིག་ཆུ་དྲན།

རྒྱུ་མཚན་གང་ཡིན་མ་ཤེས། ངས་དོན་སྣང་མ་བཞག

ཕ་མ་འཆམ་མཐུན་མེད་པས་རྒྱག་རེས་ཡིན་ཤག

མ་རྩ་རྡིབས་པའི་ཡབ་ཆེན་སེམས་ནང་་འགྱོད་པ་ག་ཚོད་སྐྱེས།

སེམས་ནང་སེམས་ཁྲལ་ཁེངས་པའི་ཡབ་ཆེན་སྡུག་བསྔལ་སུ་ཡིས་ཤེས།

མ་འོངས་འཚོ་བའི་ཆེད་དུ་ཡང་ན་བུ་ཕྲུག་ང་ཚོ་ཆེད།

འཚོ་བའི་ཆེད་དུ་མགོ་བོ་སྒུར་ནས་གཡོ་སྒྱུ་འཁྲབ་དགོས་ཁྱེད།

རིག་པ་སྒྲིམ་ཟེར། འབད་བརྩོན་བྱེད་ཟེར།

བུ་རང་གཞན་ལས་ལྷག་པའི་མི་ཞིག་བྱེད་ཟེར།

ངས་སློབ་སྦྱོང་མ་བྱེད་པ་རྒྱག་རེས་རྒྱབ་བསྡད།

མཐོང་མ་འདོད་པའི་དགེ་རྒན་དང་ཁ་རྩོད་རྒྱབ་བསྡད།

HOOK:Jamyang lhamo

མ་གཞི་མི་ཚེ་སྐྱིད་གསུམ་སྡུག་གསུམ།

འཚོ་བའི་སྐྱིད་སྡུག་ལས་ལ་བཀོད་ཡོད།

ཡིན་ནའི་ཆུང་དུས་རྒྱབ་པའི་སྨོན་ལམ།

དེ་ཚོ་སྒྲུབ་ཡོད་ན་དགའ་བ།

Verse:Yeshi

མི་ཁ་ཤས་སྐྱེས་དུས་ནས་རྒྱུ་དང་དབང་ལྡན།

མི་ཁ་ཤས་སྐྱེས་དུས་ནས་དབང་པོ་སྐྱོན་ཅན།

ཁ་ཤས་ཀྱི་འབད་བརྩོན་བྱས་ཁ་ཤས་ཀྱིས་བལྟས།

རང་འཚོ་བ་གང་འདྲ་བསྐྱལ་དགོས་རང་ལག་པ་ལས།

བྱས་ཙང་ངའི་སེམས་ཤུགས་འདི hip hop ལ་སྤྲད།

སྔོན་ཆད་ཀྱི་ལེ་ལོ་དང་སྤྱོད་ངན་ཡོད་ཚད།

ངས་ཉམས་ཆུང་གི་ཡེ་ཤེས་དེ་དུས་དེ་ནས་བསད།

ངས་ཡོང་བཞིན་པའི་ཉེན་ཁ་ལ་གད་མོ་ཡང་བགད།

འཁྱམ་པོ་བཞིན་འཁྱམ་བསྡད་ན་མདུན་ལམ་ཡང་བརླག

ལོ་རྒས་པའི་ཕ་མའི་གི་སེམས་པ་ཡང་སྐྲག

དྲིན་ཆེ་ཤོས་ཕ་མ་གཉིས་ཡིན་པ་ཤེས་དུས།

ཆུང་བྱིས་པའི་དུས་ནས་བསྐྱངས་པ་ཐུགས་རྗེ་ཆེ་ཞུ།

ཕོ་ཁྱོ་གའི་སེམས་པ་འདི་མདའ་ཤོང་མདུང་ཤོང་།

མིའི་མི་ཚེ་ཡ་ཡུག་ནང་རྒྱལ་ཡོང་ཕམ་ཡོང་།

འགྲོ་བཞིན་པའི་དུས་ཚོད་དེ་འཕྲོ་བརླག་མ་གཏོང་།

དགོས་འདོད་པའི་འོད་ཟེར་དེ་ནམ་ཞིག་མཐོང་ཡོང་།

HOOK:Jamyang lhamo

མ་གཞི་མི་ཚེ་སྐྱིད་གསུམ་སྡུག་གསུམ།

འཚོ་བའི་སྐྱིད་སྡུག་ལས་ལ་བཀོད་ཡོད།

ཡིན་ནའི་ཆུང་དུས་རྒྱབ་པའི་སྨོན་ལམ།

དེ་ཚོ་སྒྲུབ་ཡོད་ན་དགའ་བ།

历史记录

!
提示
播放失败哦,因为我没有版权😂哈哈哈。