
尼玛旺堆
མི་ཁའི་འོག་ནས་མདུན་དུ་སྐྱོད།
让议论中前进
ཚིག་ གཟི་ཁྲ་རིལ་
词:丝岔日
དབྱངས་ དགན་ཨ་མོ་ལག་
曲,阿木龙师
ལེན་མཁན་ ལ་ཁ་ཉི་འདུས་
拉卡尼堆
ཁྱོད་ང་གཉིས་ཐོབ་གོ་ས་ཅི་ཡང་མེད་དུས་ཀུན་གྱིས་རིག་ས་མཐོང་ས་མེད་པ་ཞིག་དུ་གྱུར་སོང་།།
མི་ཚང་མ་མར་རྒུད་དུས་གཉའ་ནས་གནོན་མཁན་གཉེན་དང་ཉེ་འབྲེལ་གཙོ་བོ་རེད།།
ང་ཡི་བྱ་བ་ལས་སྟངས་ཚང་མ་ཁྱེད་ཚོའི་བློ་ལ་འབབ་འདུག་དགོས་པ་ང་ཡིས་མ་ཤེས།།
ཨ་རོགས་སྤུན་ཟླ་ཀླད་པ་ཡོད་ན་བསམ་བློ་འདོན་ལུགས་གཅིག་པ་མ་ཡིན་ཤེས་དགོས་ཨ་མའི་བུ།
ཨོ་འོ། གཞན་སྐྱོན་མ་འཚོལ་རང་ལམ་སྲུང་དགོས།
ཁྱེད་ང་གཉིས་ཆུང་དུས་སློབ་གྲྭ་མ་སོང་མི་ཚེ་རྣམ་གཡེང་ནང་དུ་ཟད་པར་ཡིད་རེ་སྐྱོ་སོང་།།
ཤེས་བཟང་དུས་རབས་འདི་ནས་ཁྱེད་དང་ང་གཉིས་མཐོང་ཆུང་བྱེད་སའི་གླེན་པ་ཞིག།
ཕ་སྐད་མི་ཤེས་གཞན་གྱི་ལས་ལ་ཡིད་སྨོན་ཤོར་ནས་མི་ཚེ་ཟད་དུས་འགྱོད་པ་སྐྱེ།།
ད་ནས་མི་འདུག་ལས་ཤིག་ཡོད་ན་ལམ་ཞིག་ཡོད་པས་གཞོན་པ་ང་ཚོ་མདུན་དུ་སྐྱོད་འགྲོ།།
ཨོ་འོ་གཞོན་པ་ང་ཚོ་མདུན་དུ་སྐྱོད་འགྲོ།།