三智才让歌曲封面
00:00
04:27
🔊

牧羊女

专辑
长明佛灯
发行日期
2017-06-01
流派
暂无
时长
04:27
播放次数
2,356,789
收藏人数
156,432
歌词
相关信息

作词 : 岗华

作曲 : 三智才让

编曲 : 旦旦

འབྲོག་རུའི་བུ་མོ།

ཚིག  གངས་དཔལ།

དབྱངས། ཚེ་དབང་ཉི་མ།

གཞན་མཁན། མགར་བསམ་འགྲུབ་ཚེ་རིང་།

1.

འབྲོག་རུའི་བུ་མོའི་གོམ་ཁ་ལྷོད་པོ།

སྟག་ཤར་ང་ཡི་མིག་ལ་ལྷུང་སོང་།

འབྲོག་རུའི་བུ་མོའི་རྫི་གླུ་སྙན་མོ།

སྟག་ཤར་ང་ཡི་རྣ་ལ་སྙན་སོང་།

འབྲོག་རུའི་བུ་མོའི་མཛེས་པའི་ཞལ་རས།

སྟག་ཤར་ང་ཡི་ཞེ་ལ་འཁོར་སོང་།

འབྲོག་རུའི་བུ་མོའི་ཟུར་མིག་རྣོན་པོ།

སྟག་ཤར་ང་ཡི་སྙིང་ལ་སུག་སོང་།

ཞང་ང་ཡ་རེ་ལོ།

ཨོ་ཧོ་ཧོ་ཧོ……

མཛེས་བའི་ཞལ་རས་སྙིང་ལ་རྗེ་རྗེ།

ཁ་ཚིག་མགུར་མ་བློ་ལ་འབབ་འབབ།

བློ་ལ་འབབ་འབབ་ལ།

ང་ཡི་དྲན་ཤིང་མ།

2.

འབྲོག་རུའི་བུ་མོའི་སྙིང་གཏམ་མར་ལོ།

སྟག་ཤར་ང་ཡི་འཁོར་ས་ཡིན་སོང་།

འབྲོག་རུའི་བུ་མོའི་འཛུམ་མདངས་གཉོམ་པོ།

སྟག་ཤར་ང་ཡི་གློ་ལ་ཉེ་སོང་།

འབྲོག་རུའི་བུ་མོའི་བརྩེ་བ་དྭངས་མོ།

སྟག་ཤར་ང་ཡི་སེམས་ལ་སིམ་སོང་།

འབྲོག་རུའི་བུ་མོའི་ལྷག་བསམ་རིལ་བུ།

སྟག་ཤར་ང་ཡི་སྙིང་ལ་རེག་སོང་།

ཞང་ང་ཡ་རེ་ལོ།

ཨོ་ཧོ་ཧོ་ཧོ……

མཛེས་བའི་ཞལ་རས་སྙིང་ལ་རྗེ་རྗེ།

ཁ་ཚིག་མགུར་མ་བློ་ལ་འབབ་འབབ།

བློ་ལ་འབབ་འབབ་ལ།

ང་ཡི་དྲན་ཤིང་མ།

གཞས་མ་གཏམ། Lost team

བུ་མོ་མཛེས་པའི་ཞལ་རས་དཀར་གསལ་བཅོ་ལྔའི་ཟླ་བ།

བུ་མོ་ཁྱེད་ཀྱི་སྐྱེས་གཟུགས་དྲང་བ་ཚུགས་དྲུག་སྨྱུག་མ་རེད།

གཤིས་རྒྱུད་དྲང་བའི་བུ་མོ།

ཁོག་རྒྱ་ཡངས་བའི་བུ་མོ།

བུ་མོ། བུ་མོ། མཛེས་པའི་བུ་མོ།

བུ་ཆུང་ང་ཡི་སེམས་པ་འཁོར་ས།

ཁྱེད་ཀྱི་མཛེས་པ་ཞལ་རས་ཡིན་སོང་།

དཀར་གསལ་བཅོ་ལྔའི་ཟླ་བ་རེད་སོང་།

ཁྱོད་ཀྱི་སྐྱེས་གཟུགས་ཡག་མོ་ཚུགས་དྲུག་སྨྱུག་མ་འདྲ་སོང་།

བུ་ཆུང་ང་ཡི་སེམས་པ་དེ་ལ།

བུ་མོ་ཁྱེད་ལ་འཁོར་སོང་།

ཁྱེད་ནི་བུ་ཚོའི་བུ་མོ་རེད་སོང་།

བུ་མོ་མཛེས་མ་རེད་སོང་།

ཕ་བཟང་རིག་པ་གསེར་རེད།

མ་བཟང་རིག་པ་དུང་རེད།

བུ་མོ་མཛེས་མ་རེད་སོང་།

བུ་ཆུང་སེམས་པ་འཁོར་ས་རེད་སོང་།

3.

འབྲོག་རུའི་བུ་མོའི་སྐྲ་ཡི་ལན་བུ།

སྟག་ཤར་ང་ཡི་སྙིང་ནས་ལྡེམ་སོང་།

འབྲོག་རུའི་བུ་མོའི་ཨ་འཇམ་གོས་ལྭ།

སྟག་ཤར་ང་ཡི་བློ་ནས་འཇམ་སོང་།

འབྲོག་རིའི་བུ་མོའི་བྱུ་རུའི་རྣ་ལུང་།

སྟག་ཤར་ང་ཡི་དྲན་ཤིང་ཡིན་སོང་།

འབྲོག་རུའི་བུ་མོའི་གཡུ་ཡི་སོར་གདུབ།

སྟག་ཤར་ང་ཡི་ཚེ་ནོར་ཡིན་སོང་།

ཞང་ང་ཡ་རེ་ལོ།

ཨོ་ཧོ་ཧོ་ཧོ……

མཛེས་བའི་ཞལ་རས་སྙིང་ལ་རྗེ་རྗེ།

ཁ་ཚིག་མགུར་མ་བློ་ལ་འབབ་འབབ།

བློ་ལ་འབབ་འབབ་ལ།

ང་ཡི་དྲན་ཤིང་མ།

ཞང་ང་ཡ་རེ་ལོ།

ཨོ་ཧོ་ཧོ་ཧོ……

མཛེས་བའི་ཞལ་རས་སྙིང་ལ་རྗེ་རྗེ།

ཁ་ཚིག་མགུར་མ་བློ་ལ་འབབ་འབབ།

བློ་ལ་འབབ་འབབ་ལ།

ང་ཡི་དྲན་ཤིང་མ།

历史记录

!
提示
播放失败哦,因为我没有版权😂哈哈哈。