
刚珠多吉(安全提示)
作词 : 康索次
作曲 : 康索次
编曲 : 康索次
བདེ་ཐང་གི་སྐུལ་མ།
ཚིག་་་ཞོགས་ལྕེའམ་བཀྲ་ཤིས་སེང་གེ།
དབྱངས་་་ཀུན་དགའ་ཆོས་ཉིད།
གཞས་པ་་གངས་ཕྲུག་རྡོ་རྗེ།
རྙེད་དཀའ་བའི་དལ་འབྱོར་མི་ལུས་ལ།
ནད་ངན་པའི་བར་ཆད་མ་བྱུང་གོང།
དུས་ནམ་ཡང་གཙང་སྦྲ་འཕྲོད་བསྟེན་བྱོས།
ནད་སྔོན་འགོག་མ་བརྗེད་ཡིད་ལ་ཟུངས།
ཨོ་་་་་ཧོ་ཧོ་ཧོ།
དུས་ནམ་ཡང་གཙང་སྦྲ་འཕྲོད་བསྟེན་བྱོས།
ནད་སྔོན་འགོག་མ་བརྗེད་ཡིད་ལ་ཟུངས།
སྲོག་རིན་ཆེན་གསེར་ལས་ལྷག་པའི་འདི།
དགྲ་འཆི་བདག་གཤིན་རྗེས་མ་ཁྱེར་གོང།
མི་རང་ལ་རང་གི་རིན་ཐང་ཡོད།
སྲོག་དམར་པོ་བདག་སྐྱོང་རང་གིས་བྱོས།
ཨོ་་་་་ཧོ་ཧོ་ཧོ།
མི་རང་ལ་རང་གི་རིན་ཐང་ཡོད།
སྲོག་དམར་པོ་བདག་སྐྱོང་རང་གིས་བྱོས།
སེམས་བརྩེ་བ་མཚོན་པའི་གླུ་ཆུང་འདི།
བོད་ཁ་བ་ཅན་ལ་འབོད་སྐུལ་ཡིན།
བོད་ཁ་བའི་ཕུ་ནུ་མི་སྲིན་ཚོར།
ནད་ངན་པའི་བར་ཆད་མེད་པའི་ཤོག།
ཨོ་་་་་ཧོ་ཧོ་ཧོ།
བོད་ཁ་བའི་ཕུ་ནུ་མི་སྲིན་ཚོར།
ནད་ངན་པའི་བར་ཆད་མེད་པའི་ཤོག།
ཨོ་་་་་ཧོ་ཧོ་ཧོ།
བོད་ཁ་བའི་ཕུ་ནུ་མི་སྲིན་ཚོར།
ནད་ངན་པའི་བར་ཆད་མེད་པའི་ཤོག།