
00:00
02:43
心中的音符
歌词
相关信息
编曲 : q&p曲培音乐
སེམས་ཀྱི་རོལ་མོ།
གླུ་ཚིག ལྷ་རྩེའི་ཁུ་བྱུག
དབྱངས། བན་ཚང་བློ་བཟང་།
གླུ་མ། ཆོས་དབྱིངས་མཚོ།
ཆུ་བོ་ཤང་ཤང་འཛུམ་དུས།།
མེ་ཏོག་དྲི་ཞིམ་འཐུལ་སོང་།།
བུང་བའི་མགྲིན་དབྱངས་སྙན་པ།།
ང་དང་ཁྱོད་ཀྱི་ལས་དབང།།
དབྱར་གྱི་སྤྲིན་དཀར་ཡིན་སོང་།།
ཁུ་བྱུག་བུ་མོའི་མཛའ་གླུ།།
རི་བོའི་རྩེ་ནས་སྒྲོག་དུས།།
སུ་རུ་མེ་ཏོག་ཚལ་ནས།།
ང་དང་ཁྱོད་ཀྱི་གསང་བ་།།
ཕྱེ་ལེབ་སྒེག་མོ་ཡིན་སོང་།།
རྒྱང་རིང་རི་ཚོགས་བར་དུ།།
སྤྲིན་པ་ལྷོ་ལ་བཞུད་སོང་།།
རྩལ་ལྡན་ཐང་དཀར་སྒེགས་མོ།།
ང་དང་ཁྱོད་ཀྱི་རེ་སྒུག།
མཚོ་མཐའི་རླབས་ཕྲེང་ཡིན་སོང་།།
མཚོ་མཐའི་རླབས་ཕྲེང་ཡིན་སོང་།།