
松石之恋
作词 : 才贡
作曲 : 三智才让
编曲 : 居来提/王冬东
吉他:居来提
打击乐:伊布
录音:中国歌剧舞剧院黄老师、北京紫风传媒
混缩:萍子
三智才让:
ལམ་སྣེ་ཞིག་རྡོག་པས་མནན་ནས་ཁྱོད་རང་དྲན་ཡོད།
སྨུག་ལང་ལོང་ནང་གི་ལ་གཞས་དེ།
ཁྱོད་རང་ཡིན་ན་བསམ་ནས་ཉན་ཡོད།
ཨོ། སྙིང་སྡུག་ལགས།
སུ་རུའི་མེ་ཏོག་ནགས་ལ་འཛུམ་པ། ཡེ།
ནགས་གསེབ་འཇོལ་མོས་མ་གོ་ཡུན་རིང་སོང་།
གསུང་སྐད་སྙན་མོ་སྒྲོག་བཞིན་བསླེབ་པ་ནམ་ཞིག་ཡིན།
ཨ་རོགས་ཡེ། ཨ་རོགས་ཡེ།
ཕ་རིའི་སྤང་གི་སྟེང་ལ།
ཨོ། དཀར་པོ་གུར་ཞིག་ཕུབ་ཡོད།
གུར་འདབས་རླུང་གིས་བཀྱགས་དུས།
ཨོ། ཆུང་འདྲིས་ཨེ་ཡིན་བསམ་བྱུང་།
万玛才旦:
རྨི་ལམ་ཞིག་རྒྱང་ལ་བསྲིངས་ནས་ཁྱོད་ལ་སྒུག་ཡོད།
རླུང་བསེར་བུའི་ཁྲོད་ཀྱི་ཕྱིར་མིག་དེ།
ཁྱོད་རང་ཨེ་ཡིན་འདོད་ནས་འཁྲེང་ཡོད།
ཨོ། བྱམས་པ་ལགས།
སེར་ཆེན་འདབ་ཁ་སྤང་ལ་བྱེ་བ། ཡེ།
གཡུ་སྦྲང་གཞོན་ནུས་མ་ཚོར་ལོ་མང་སོང་།
གཤོག་དྲུག་གར་ལ་རྩེན་ནས་བསླེབ་པ་ནམ་ཞིག་ཡིན།
ཨ་རོགས་ཡེ། ཨ་རོགས་ཡེ།
ཕ་རིའི་སྤང་གི་སྟེང་ལ།
ཨོ། དཀར་པོ་གུར་ཞིག་ཕུབ་ཡོད།
གུར་འདབས་རླུང་གིས་བཀྱགས་དུས།
ཨོ། ཆུང་འདྲིས་ཨེ་ཡིན་བསམ་བྱུང་།
三智才让:
ལམ་སྣེ་ཞིག་རྡོག་པས་མནན་ནས་ཁྱོད་རང་དྲན་ཡོད།
སྨུག་ལང་ལོང་ནང་གི་ལ་གཞས་དེ།
万玛才旦:
ཁྱོད་རང་ཡིན་ན་བསམ་ནས་ཉན་ཡོད།
ཨོ། སྙིང་སྡུག་ལགས།
སུ་རུའི་མེ་ཏོག་ནགས་ལ་འཛུམ་པ། ཡེ།
ནགས་གསེབ་འཇོལ་མོས་མ་གོ་ཡུན་རིང་སོང་།
三智才让:
གསུང་སྐད་སྙན་མོ་སྒྲོག་བཞིན་བསླེབ་པ་ནམ་ཞིག་ཡིན།
ཨ་རོགས་ཡེ། ཨ་རོགས་ཡེ།
万玛才旦:
ཕ་རིའི་སྤང་གི་སྟེང་ལ།
ཨོ། དཀར་པོ་གུར་ཞིག་ཕུབ་ཡོད།
合:
གུར་འདབས་རླུང་གིས་བཀྱགས་དུས།
ཨོ། ཆུང་འདྲིས་ཨེ་ཡིན་བསམ་བྱུང་།
གུར་འདབས་རླུང་གིས་བཀྱགས་དུས།
ཨོ། ཆུང་འདྲིས་ཨེ་ཡིན་བསམ་བྱུང་།