
00:00
03:00
欢乐酒歌 林秋
歌词
相关信息
编曲 : 康索次
དགའ་ལྷང་ལྷང་གི་ཆང་གཞས།
གླུ་ཡང་ལེན་མཁན་ང་རེད། །
བྲོ་ཡང་འཁྲབ་མཁན་ང་རེད།
བཞུགས་གྲལ་སྒོར་མོའི་དཀྱིལ་ལ།།
ཨ་ཕོ་ང་རང་མེད་ན།།
དགོད་སྒྲ་ཡོང་ས་མ་རེད།།
ཕ་མ་མིང་སྲིང་བཞུགས་ཤིང་།།
སྐུ་ལུས་བདེ་བའི་དུས་སུ།།
ཤུས་རིང་བཏང་གི་མ་འདུག
སེམས་པ་ཉོབ་གི་མ་འདུག
བདེ་མོ་འཚམ་པོ་ཡིན་པའི།།
ད་ལྟའི་ཉི་མ་འདི་འདྲ།།
འཆར་བའི་སྨོན་ལམ་འདེབས་བཞིན།།
མི་རེས་གླུ་རེ་ལོངས་དང་།།
སེམས་པ་སྤྲོ་སྤྲོ་གནོངས་དང་།།
ཆང་ཡང་འཐུང་མཁན་ང་རེད།།
ཤགས་ཀྱང་འགྱེད་མཁན་ང་རེད།།
ཕོ་གཞོན་གྲལ་གྱི་དབུས་སུ།།
ཕོ་སར་ང་རང་མེད་ན།།
རྩེད་མོ་ཡོང་ས་མ་རེད།།
ཚན་རྩལ་ཡར་ངོ་རྒྱས་ཞིང།།
རྒྱུ་འབྱོར་མཚོ་མོ་འཁྱིལ་བས།།
ཨལ་སྟོང་རྒྱག་གི་མ་འདུག།
ཁ་པར་གཡེང་གི་མ་འདུག།
སྙིང་ནས་ཕྱུང་བའི་སྙིང་གཏམ།།
བཤད་པའི་ལྷན་འཛོམས་འདི་འདྲ།།
ཡོང་བའི་སྨོན་ལམ་འདེབས་བཞིན།།
ང་ཚོས་བྲོ་ཞིག་འཁྲབ་དང་།།
སེམས་པ་སྤྲོ་སྤྲོ་གནོངས་དང་།།