LYRICS / WORDS THAT RESONATE

灵与肉的礼赞 电影《气球》推广曲歌词

西藏病人 · 灵与肉的礼赞 电影《气球》推广曲

参与歌词讨论 · 无需登录 ↓
01作词 : 西藏病人↗02 作曲 : 西藏病人↗03ཤ་ཁྲག་གི་མཆོད་པ།↗04གློག་བརྙན་༼དབུགས་ལྒང་༽གི་ཁྱབ་བསྒྲགས་གླུ་དབྱངས།↗05ཚིག་དང་དབྱངས། བོད་ཀྱི་ནད་པ།↗06སྒྲ་ལེན་དང་སྒྲ་སྦྱོར། ཚེ་དབང་རྡོ་རྗེ། ༼རྨ་ཆུ་སྒྲ་དབྱངས་ལས་སྒྲུབ་ཁང་།༽↗07ངས་ཆུ་འཁྱགས་དང་འབྲས་དཀར་གྱི་ཇ་ཐུན་ལས་དམར་དྲི་བཙལ↗08ཚོན་མདངས་མེད་པའི་རི་མོ་ལས་ཀྱང་དྲོད་སྣང་བཙལ↗09གཏིང་རིང་ཞིང་བརླན་གྱིས་ཟིན་པའི་ཁྲོམ་སྲང་ལས་ཁྱོད་ཀྱི་ཆར་གདུགས་བཙལ↗10ངས་རྙེད་པ་ཐམས་ཅད་ཁྱོད་ཀྱི་དོ་ཡ་མིན↗11ངས་རྙིང་སོང་བའི་བོའུ་ཐུང་གཞན་ལ་བཙོང་ཟིན↗12ད་ནས་སྲོག་མི་གཅོད↗13དགེ་བ་ཡོད་ཚད་ཁྱོད་ལ་འབུལ་ཆོག↗14ངས་འཁྱགས་སོང་བའི་ཇ་རྒོད་ཐང་ལ་འཕོས་བཞག↗15ད་ནས་མགྲོན་མི་འབོད↗16ལྷིང་འཇགས་ཡོད་ཚད་ཁྱོད་ལ་འབུལ་ཆོག↗17ངས་རྨི་ལམ་དང་འཁྲུལ་སྣང་གི་གཟུགས་རིས་ལ་རང་ཉིད་བོར↗18ནུབ་ཏུ་མེད་པའི་ཉི་མ་ལས་ཀྱང་འོད་སྣང་བོར↗19རྒྱུན་རིང་ཞིང་རྟག་ཐབས་མེད་པའི་ཤི་གསོན་ལས་མཇུག་མཐའི་སྙིང་པོ་བོར↗20ངས་ཤོར་བ་ཐམས་ཅད་ཁྱོད་ཀྱི་དོ་ཡ་མིན↗21ངས་བསླུ་བྲིད་ཀྱི་ཡིག་འབྲུ་སྔོན་ནས་བསུབ་ཚར↗22ད་ནས་མགོ་མི་འཁོར↗23མངོན་སུམ་ཡོད་ཚད་ཁྱོད་ལ་འབུལ་ཆོག↗24ང་ཟང་ཟིང་གི་འཁོར་དང་རྒྱང་ལ་བཀྱེད་ཟིན↗25ད་ནས་ཆང་མི་འཐུང↗26བདེན་པ་ཡོད་ཚད་ཁྱོད་ལ་འབུལ་ཆོག↗27ངས་བསླུ་བྲིད་ཀྱི་ཡིག་འབྲུ་དག་ཁ་བསུབ་ཟིན↗28ད་ནས་མགོ་མི་འཁོར↗29མངོན་སུམ་ཡོད་ཚད་ཁྱོད་ལ་འབུལ་ཆོག↗30ང་ཟང་ཟིང་གི་སྤྲོ་ཚོགས་དང་རིང་དུ་གྱེས་ཟིན↗31ད་ནས་ཆང་མི་འཐུང↗32བདེན་པ་ཡོད་ཚད་ཁྱོད་ལ་འབུལ་ཆོག↗
+ 写一段解读
无需登录,内容审核后公开。请勿留下联系方式。

一起聊聊

0 条主评论

第一段感受,也许就来自你。

无需登录,内容审核后公开。请勿留下联系方式。