LYRICS / WORDS THAT RESONATE

2057歌词

天杵 · NAMCHAK 2057

参与歌词讨论 · 无需登录 ↓
01作词 : 天杵02 作曲 : 天杵03རྩི་ཤིང་མེ་ཏོག་མེད་པའི་ས་དེ་མཐོང་དུས།04སྔོ་ལྗང་ཅན་གྱི་རྩྭ་ཐང་དེ་དྲན་བྱུང་།05སྐམ་ཞིང་གྲང་བའི་རི་ཀླུང་དེ་མཐོང་དུས།06དྭངས་ཞིང་གཙང་བའི་ཆུ་མོ་དེ་དྲན་བྱུང་།07ང་ཡི་རྩི་ཤིང་། ང་ཡི་སྤང་རྒྱན་མེ་ཏོག08བྱིའུ་ཆུང་འཇོལ་མོའི་གསུང་སྙན་ཡང་ཆད་སོང་།09ང་ཡི་རྩྭ་ཐང་། ང་ཡི་གངས་ལྷ་མེ་ཏོག10ཐང་དཀར་རྒོད་པོའི་གཤོག་རྩལ་ཡང་ཉམས་སོང་།11ཨ། ང་ཡི་བྱིའུ་ཆུང་འཇོལ་མོའི་གསུང་སྙན་ཡང་ཆད་སོང་།12ཨ། ང་ཡི་ཐང་དཀར་རྒོད་པོའི་གཤོག་རྩལ་ཡང་ཉམས་སོང་།13སྔོན་མ་དཀར་བའི་གངས་ཆུ་འབབ་པའི་ས་ལ།14ད་ཆ་སེར་པོ་བྱེ་མའི་ཐང་ལ་འགྱུར་སོང་།15སྔོན་མ་མེ་ཏོག་སྣ་ལྔ་བཞད་སའི་ས་ལ།16ད་ཆ་རྫས་འགྱུར་གད་སྙིགས་སྣ་ཚོགས་ཁེངས་སོང་།17ང་ཡི་གནམ་སྔོན། ང་ཡི་སྤྲིན་བཟང་དཀར་པོ།18དྭངས་གཙང་མཁའ་རླུང་གི་དྲི་ཞིམ་ཡང་ཆད་སོང་།19ང་ཡི་འཇའ་ཚོན། ང་ཡི་གཡུ་ཆུ་སྔོན་མོ།20ཆུ་དང་ཉ་མོའི་འཚོ་གནས་ཡང་སྟོང་སོང་།21ཨ། དྭངས་གཙང་མཁའ་རླུང་གི་དྲི་ཞིམ་ཡང་ཆད་སོང་།22ཨ། ད་ཆ་ཆུ་དང་ཉ་མོའི་འཚོ་གནས་ཡང་སྟོང་སོང་།23ཆུ་མོ་ཡར་འགྲོ་མ་རེད། མི་ཡི་བལྟ་བ་མར་འགྲོ་རེད།24དེ་ཚང་མ་ཕ་རྒྱུད་མེས་པོས་ང་ཚོར་བཞག་པའི་ཡུལ་ལུང་རེད།25རྩྭ་ཐང་གི་རྩྭ་དང་འདྲ་བར་མཉམ་དུ་སེར་པོ་ཆགས།26ཕ་དམ་པས་འདིར་སྤྲད་པའི་རི་ཀླུང་འདི་སྐམ་པོ་ཆགས།27གློག་ཐབ་ཀྱི་འོད་ལས་ས་ཐབ་ཀྱི་དྲོད་དགའ།28ལྕི་བ་དང་ཤག་པ་འབུད་རྒྱུ་བྱུང་ན་ཐབ་ཚང་དེ་དྲོ་བ་ལ།29ས་མཐོའི་སྒང་གི་ཕོ་རྒོད་ཀྱི་ཆིབས་རྟ་དཀར་པོའི་འོད་ལ།30ནགས་ཚལ་སྲིང་གི་བུ་མོ་དེ་དེ་འདྲའི་གད་མོའི་གྱོད་ལ།31ཕ་ཚ་བུ་རྒྱུད་གསན་དང་ང་ཚོའི་རྣམ་འགྱུར་ད་ག་ཡིན།32ཕ་ཚ་བུ་རྒྱུད་གསན་དང་ང་ཚོའི་རྣམ་འགྱུར་ད་ག་ཡིན།33ཕ་ཚ་བུ་རྒྱུད་གསན་དང་ང་ཚོའི་རྣམ་འགྱུར་ད་ག་ཡིན།34ཕ་ཚ་བུ་རྒྱུད་གསན་དང་ང་ཚོའི་རྣམ་འགྱུར་ད་ག་ཡིན།35ཨ། བྱིའུ་ཆུང་འཇོལ་མོའི་གསུང་སྙན་ཡང་ཆད་སོང་།36ཨ། ང་ཡི་ཐང་དཀར་རྒོད་པོའི་གཤོག་རྩལ་ཡང་ཉམས་སོང་།37ཨ།38ཨ། ད་ཆ་ཆུ་དང་ཉ་མོའི་འཚོ་གནས་ཡང་སྟོང་སོང་།
+ 写一段解读
无需登录,内容审核后公开。请勿留下联系方式。

一起聊聊

0 条主评论

第一段感受,也许就来自你。

无需登录,内容审核后公开。请勿留下联系方式。