01作词 : 天杵↗02 作曲 : 天杵/、A.P Blondy↗03 编曲 : 天杵↗04ཚིག གདངས། གནམ་ལྕགས་རོལ་ཚོགས།↗05录音、混音:雅尔甘(小王)↗06གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་དེ།↗07ཁྱེད་དང་ང་ཚོ་སྐྱེས་སའི་ཕ་ཡུལ་རེད།↗08ཤིང་ནགས་སྤང་ལྗོངས་རྩི་ཤིང་མེ་ཏོག་སྐྱེ་ས་རེད།↗09ཤ་ཤེད་རྒྱས་པའི་ནོར་ལུག་འཚོ་ས་རེད།↗10ཕ་ཡུལ་ལྷ་ས་དག་པའི་ཞིང་ཁམས་རེད།↗11ལྷག་བསམ་དཀར་པོས་སྨོན་ལམ་འདེབས་ས་རེད།↗12འཛམ་གླིང་ཡང་རྩེ་ཤེལ་གྱི་མཆོད་རྟེན་བཞུགས་ས་རེད།↗13བསོད་ནམས་ཅན་གྱི་མི་རྣམས་འཚོ་ས་རེད།↗14ཕ་ཡུལ་ལྷ་ས་དག་པའི་ཞིང་ཁམས་རེད།↗15ལྷག་བསམ་དཀར་པོས་སྨོན་ལམ་འདེབས་ས་རེད།↗16འཛམ་གླིང་ཡང་རྩེ་ཤེལ་གྱི་མཆོད་རྟེན་བཞུགས་ས་རེད།↗17བསོད་ནམས་ཅན་གྱི་མི་རྣམས་འཚོ་ས་རེད།↗18ཁ་བའི་ལྗོངས་ཀྱི་ཞིང་ཁམས།↗19གཡུ་ཆུ་སྔོན་མོ་འབབ་ས།↗20བསོད་ནམས་ཅན་གྱི་ཞིང་ཁམས།↗21ང་ཚོ་བོད་མིའི་རིགས་རྒྱུད་འབྱུང་རྩ།↗22ཚེ་སྔོན་ལས་དབང་བཟང་པོས།↗23བུ་ང་མི་ཡུལ་བཟང་པོར་སྐྱེས་བྱུང་།↗24ལས་དང་སྐལ་བ་བཟང་པོས།↗25བུ་ང་ཕ་མ་བཟང་པོས་བསྐྱངས་བྱུང་།↗26ཆུང་དུས་ནས་ཕ་མ་གཉིས་ཀྱི་བྱམས་སྐྱོང་འོག་ལ།↗27ཕ་ཡུལ་ལྷ་སར་འཚར་ལོངས་བྱུང་བ། ནམ་ཡང་བརྗེད་པར་དཀའ།↗28གཙུག་ལག་ཁང་གི་ཐང་ཆེན་མདུན་གྱི་གནམ་ལ་བལྟས་ནས་བྱ་འཕུར་གཅིག་གི་རྒྱབ་ལལྷད་མེད་ཁོ་ར་རྒྱུགས་མྱོང་ཡོད།↗29ཚེ་སྨོན་གླིང་གི་སྲང་ལམ་གསིང་གི་ཁང་པའི་འོག་ལ་བྱེ་མའི་དཀྱིལ་ལ་རྩེད་མོ་རྩེད་པ་ནམ་ཡང་བརྗེད་མི་སྲིད།↗30ཀླུ་སྒུག་གཞུང་གི་ཨ་མ་སྒྲོལ་མའི་ཤེལ་སྒོ་བཅགས་པས།↗31གཡུ་ཐོག་ཟམ་པའི་འོག་ལ་ཉིན་མ་གཅིག་ཙམ་གབ་མྱོང་ཡོད།↗32ཆུང་དུས་ནས་ཕ་མ་གཉིས་ཀྱི་བྱམས་སྐྱོང་འོག་ལ།↗33ཕ་ཡུལ་ལྷ་སར་འཚར་ལོངས་བྱུང་བ། ནམ་ཡང་བརྗེད་པར་དཀའ།↗34པོ་ཊ་ལ་ཡི་ཐང་ཆེན་མདུན་གྱི་གནམ་ལ་བལྟས་ནས་ང་ཡི་ཕ་ཡུལ་ལྷ་སར་སླར་ཡང་སྐྱེས་པའི་སྨོན་ལམ་ཞུ།↗35ཁ་བའི་ལྗོངས་ཀྱི་ཞིང་ཁམས།↗36གཡུ་ཆུ་སྔོན་མོ་འབབ་ས།↗37བསོད་ནམས་ཅན་གྱི་ཞིང་ཁམས།↗38ང་ཚོ་བོད་མིའི་རིགས་རྒྱུད་འབྱུང་རྩ།↗39ཚེ་སྔོན་ལས་དབང་བཟང་པོས།↗40བུ་ང་མི་ཡུལ་བཟང་པོར་སྐྱེས་བྱུང་།↗41ལས་དང་སྐལ་བ་བཟང་པོས།↗42བུ་ང་ཕ་མ་བཟང་པོས་བསྐྱངས་བྱུང་།↗ + 写一段解读称呼(可选)你的歌词解读无需登录,内容审核后公开。请勿留下联系方式。提交解读 一起聊聊0 条主评论 第一段感受,也许就来自你。 可以直接提交评论与回复。启用 JavaScript 后,可收起回复或每次查看更多 10 条;以下链接可翻阅主评论。 称呼(可选)分享你的理解与感受无需登录,内容审核后公开。请勿留下联系方式。提交评论 ↗