LYRICS / WORDS THAT RESONATE

Joke-闹着玩儿歌词

ANU · Joke-闹着玩儿

参与歌词讨论 · 无需登录 ↓
01作词 : ANU02 作曲 : ANU03音乐制作人:旦旦04༺ རྩེད་མོ་ཡིན་ཡ། ༻05ཚིག ཨ་ནུ་རིང་ལུགས།06དབྱངས། ཨ་ནུ་རིང་ལུགས།07གཞས་པ། ཨ་ནུ་རིང་ལུགས།08སྒྲིག་སྦྱོར་བ། བྱ་མདོ་དཔལ་མགོན་ཚེ་རིང་།09གླེང་མོལ། ༥༩༦༩༤༢༠༣༧10࿄ ࿄ ࿄11ཨ་མའི་བུ་ལ་རྟགས་ཞིག་རྒྱབ་ནས་གསེར་གྱི་ཁྲི་ལ་བཞག་གདའ།12ཨ་ཕ་ལགས་ཀྱིས་ཕྲེང་བ་བཟུང་ནས་ཚོང་ར་སྐོར་ལ་སོང་དུས།13ཨ་མ་ལགས་ཀྱིས་མ་ཎི་བགྲང་བཞིན་ཤ་ཉོས་ནས་སླེབས་སོང་།14ཨ་བོ་བཀྲ་ཤིས་ལ་རྒྱ་བཤད་ནས་ཆང་གིས་བཟི་སོང་གདའ་ར།15ཨ་ཅེ་ལྷ་མོས་འཁོར་བ་སྤངས་ནས་ཁ་པར་མཉམ་དུ་བྲོས་དུས།16ཨ་ཁུ་ཁོང་གིས་ཆོ་ག་གསུང་ན་དམངས་སྒོར༢༠༠རེད་ཟེར།17ཧིན་ཧིན་་་18རྩེད་མོ་ཡིན་ཡ།19སེམས་ངན་བཅངས་ནས་མ་ཎི་བགྲང་བ་ལས།20སེམས་བཟང་བཅངས་ནས་གླུ་ཆུང་ལེན་པ་དགའ།21ཆོས་ཀྱི་སྙིང་པོ་བྱང་ཆུབ་སེམས་པ་རེད།22སེམས་པ་བཟང་ན་ས་དང་ལམ་ཡང་བཟང་།23ད་དེ་རིང་ཁྱོས་ལྟོས་ཤོག་ཨ།24ཁྱོད་ཀྱི་སྐེ་ལ་བཏག་པའི་ལྕགས་ཐག་གི་གསེར་མདོག་སུས་བྱིན་ཐལ།25ཨ་ཙི།26རླངས་འཁོར་རྫིག་པོ་ལ་བལྟས་ན་རྒྱུ་ཡོད་ས་གདའ་ཨོ།27རྒྱུ་ཡོད་ན་ཨ་ཁུའི་ཚ་བོ།28རྒྱུ་མེད་ན་ཨ་ཁུའི་གཡོག་པོ།29རྒྱུ་ཡོད་ན་བུ་མོ་སྤུན་གཉིས།30རྒྱུ་མེད་ན་བུ་མོ་དཔོན་གཡོག31རྒྱུ་ཡོད་ན་རྒྱུ་ཡི་གཡོག་པོ།32རྒྱུ་མེད་ན་མི་ཡི་གཡོག་པོ།33ཁ་མཁས་ན་དཔོན།34ལག་མཁས་ན་གཡོག35ཁ་མཁས་ན་ཁེ།36ལག་མཁས་ན་སྡུག་རེད།37ཆང་འཐུང་ན་བཟི་དགོས།38དུག་ཟོས་ན་ཤི།39དེ་ནས་དུག་ཟོ།40དུག་འཐུང་།41དུག་ཟོ།42དུག་འཐུང་།43ཨ་རག་འཐུང་ཚར་དུས་ད་བཟི།44ཁུ་ཚུར་བསྡམས་ཚར་དུས་ད་རྒྱོབས།45གྲི་ཕྱུང་ཚར་དུས་ད་ཚུགས།46མི་བསད་ཚར་དུས་ད་བྲོས།47ཁྱོད་ལ་གཟུགས་དང་ལྕེ་ལོ་ཡོད་ན།48བཤད་ཚད་ཐམས་ཅད་བདེན་པ་རེད།49ཁྱོད་ལ་རྒྱུ་དང་རྒྱབ་ཤོག་ཡོད་ན།50གོ་གནས་དགོས་ལེ་དཔེ་རེད།51ཁྱོད་ལ་ངོ་ཡོད་ན།52བོད་ཀྱི་གླུ་བ་ཁྱོད་རེད།53ལྕགས་དང་རྡོ་རིགས་མགོ་ལ་བཏགས་ན།54སྲོལ་རྒྱུན་བཟང་པོ་དེ་ཡིས་འཛིན།55ཞབས་ཞུ་ལས་ཀ་སུས་རྙེད་ན།56རིག་གནས་ཡོན་ཏན་དེ་ལ་དར།57འཚོ་བ།58རྩེད་མོ་ཡིན་ཡ།59རྣམ་ཤེས།60རྩེད་མོ་ཡིན་ཡ།61ཚེ་སྲོག62རྩེད་མོ་ཡིན་ཡ།63རྨི་ལམ།64རེ་བ།65བརྩེ་དུང་།66སང་ཉིན།67ཁ་སང་།68དུས་རབས།69ཡོད་ཚད།70མེད་ཚད།71བསམ་ཚད།72དྲན་ཚད།73བཤད་ཚད།74བཟླས་ཚད།75གོ་ཚད།76རིག་ཚད།77ཟོས་ཚད།78འཐུང་ཚད།79རྩེད་མོ་ཡིན་ཡ།80དངུལ་ཡོད་ན་བརྩེ་དུང་།81དངུལ་མེད་ན་རྩེད་མོ།82དངུལ་ཡོད་ན་འཚོ་བ།83དངུལ་མེད་ན་འཚོ་གནས།84དངུལ་ཡོད་ན་བརྩེ་དུང་།85དངུལ་མེད་ན་རྩེད་མོ།86དངུལ་ཡོད་ན་འཚོ་བ།87དངུལ་མེད་ན་འཚོ་གནས།88ཨ་མའི་བུ་ལ་རྟགས་ཞིག་རྒྱབ་ནས་གསེར་གྱི་ཁྲི་ལ་བཞག་གདའ།89ཨ་ཕ་ལགས་ཀྱིས་ཕྲེང་བ་བཟུང་ནས་ཚོང་ར་སྐོར་ལ་སོང་དུས།90ཨ་མ་ལགས་ཀྱིས་མ་ཎི་བགྲང་བཞིན་ཤ་ཉོས་ནས་སླེབས་སོང་།91ཨ་བོ་བཀྲ་ཤིས་ལ་རྒྱ་བཤད་ནས་ཆང་གིས་བཟི་སོང་གདའ་ར།92ཨ་ཅེ་ལྷ་མོས་འཁོར་བ་སྤངས་ནས་ཁ་པར་མཉམ་དུ་བྲོས་དུས།93ཨ་ཁུ་ཁོང་གིས་ཆོ་ག་གསུང་ན་དམངས་སྒོར༢༠༠རེད་ཟེར།94ཧིན་ཧིན་་་95རྩེད་མོ་ཡིན་ཡ།96ཆེ་ལ་ལ།
+ 写一段解读
无需登录,内容审核后公开。请勿留下联系方式。

一起聊聊

0 条主评论

第一段感受,也许就来自你。

无需登录,内容审核后公开。请勿留下联系方式。