LYRICS / WORDS THAT RESONATE

金山之家歌词

谢旦 · 金山之家

参与歌词讨论 · 无需登录 ↓
01作曲 : 藏乐圈02 编曲 : 金强03 作词 : 岗尖土登扎西04རི་གསེར་ལྡན་ཚང་།05金山之家06ཚིག ཐུབ་བསྟན་བཀྲ་ཤིས།07作词:土登扎西08དབྱངས། བློ་གསལ།09作曲:罗萨10གཞས་པ། ཤེར་བསྟན། ཁ་བ་དོན་འགྲུབ།11演唱:谢旦 卡哇东智12རི་གསེར་ལྡན་ཡག་གི་གོང་ཁ་ནས།།13ལུག་གཡང་དཀར་འབའ་སྒྲ་སྤྲིན་ལ་འདྲེས།།14ལུག་འཚོ་སྐྱོང་ཡག་གི་རྫི་བོ་འདིའི།།15ལས་བསམ་དོན་འགྲུབ་པའི་ཁ་གཡང་འབོད།།16རི་གསེར་ལྡན་ཡག་གི་སྤང་དཀྱིལ་ནས།།17འབྲི་རྒྱ་རྒྱ་རོག་རོག་རླུང་ལ་འདྲེས།།18འབྲི་ཐོད་དཀར་བཞོ་བའི་སྨན་ཆུང་འདིའི།།19གནས་ལམ་ཁ་དཀར་བའི་སྨོན་ཚིག་འབུལ།།20གནས་ལམ་ཁ་དཀར་བའི་སྨོན་ཚིག་འབུལ།།21རི་གསེར་ལྡན་ཡག་མོའི་སྤང་ཐང་ནས།།22རྟ་སྔོ་སྔོའི་བང་རྩལ་རྡུལ་ལ་འདྲེས།།23རྟ་འདོ་བ་ཞོན་པའི་སྟག་ཤར་འདིའི།།24ལས་རླུང་རྟ་དར་བའི་ཀྭི་བསོ་སྒྲོགས།།25རི་གསེར་ལྡན་སྐྱིད་པའི་གཡང་ཁྱིམ་ནས།།26དྲིན་ཕ་མའི་བློ་སེམས་ཆོས་ལ་འདྲེས།།27ལག་ཙན་དན་ཕྲེང་བའི་རྒྱན་ཤོམ་འདིའི།།28གཞི་འཚོ་བ་རྟག་པའི་ཁ་རྒྱན་ཡོད།།29གཞི་འཚོ་བ་རྟག་པའི་ཁ་རྒྱན་ཡོད།།30རི་གསེར་ལྡན་ཡག་གི་སྡེ་གྲོང་ནས།།31བུ་ཚ་བོ་སྐད་དང་ཡི་གེར་འདྲེས།།32ལག་སྨྱུག་ཆུང་འཛིན་པའི་གཅེས་ཕྲུག་འདིའི།།33ལས་ལམ་ཁ་ཡངས་པའི་སྨོན་ལམ་འདེབས།།34འོ་་་་་་ཧོ་་་་་་ཧོ་་་་་་ཡི་་་་་།།35ལག་སྨྱུག་ཆུང་འཛིན་པའི་གཅེས་ཕྲུག་འདིའི།།36ལས་ལམ་ཁ་ཡངས་པའི་སྨོན་ལམ་འདེབས།37 音乐宣传:谢旦贴吧工作室
+ 写一段解读
无需登录,内容审核后公开。请勿留下联系方式。

一起聊聊

0 条主评论

第一段感受,也许就来自你。

无需登录,内容审核后公开。请勿留下联系方式。