LYRICS / WORDS THAT RESONATE

小卓玛歌词

戈桑玛 · 小卓玛

参与歌词讨论 · 无需登录 ↓
01作词 : 戈桑玛02 作曲 : 戈桑玛03 编曲 : 扎西顿珠04封面:钱谢日尖措05སྒྲོལ་མ་ཆུང་ཆུང་།06ཡིད་ཆེས་ཁེངས་རོགས།07ཁྱོད་ནི་འཇིག་རྟེན་སྟེང་གི་སྒྲོལ་མ་གཅིག་པུ་ཡིན།08སྒྲོལ་མ་ཆུང་ཆུང་།09རང་ཉིད་གཅེས་སྐྱོང་བྱེད།10ཕ་མས་ལུས་པགས་གནང་པ་ཡིད་ལ་འཛིན་དགོས།11སྒྲོལ་མ་ཆུང་ཆུང་།12རང་ལ་བློ་དཀར་དགོས།13ཁྱོད་ཀྱིས་རང་ཉིད་དགའ་བའི་བྱ་བ་སྒྲུབ་དགོས།14སྒྲོལ་མ་ཆུང་ཆུང་།15འོད་ཟེར་འཕྲོ་དགོས།16འཇིག་རྟེན་གྱི་བསྟོད་བསྔགས་ཡོད་ཚད་ཁྱོད་ལ་དབང་།17འཁྱམ་དུ་སོང་། འཕུར་དུ་སོང་།18གནའ་བོའི་སྐྲ་རིང་བློ་ཐུང་གི་བསམ་བཞུགས་ལས་སྒྲོལ་ཏེ།19འདི་ན་རྫོགས་མཐའ་མེད་པའི་སྡུག་བསྔལ་མ་གཏོགས་མེད།20ཁྱོད་ཀྱིས་སྡུག་བསྔལ་ཡོད་ཚད་དོར་ནས་མདུན་དུ་སོང་།21སྒྲོལ་མ་ཆུང་ཆུང་།22རྒྱང་རིང་ལ་ལྟོས།23འཚོ་བ་ནི་འབྲོག་ཁུལ་གྱི་ནོར་ལུག་ཁོ་ན་མིན།24སྒྲོལ་མ་ཆུང་ཆུང་།25སྐེད་གྲི་འཁྱེར་རོགས།26ཐག་རིང་འགྲོ་བའི་ལམ་བར་དུ་ཚེར་མས་ཁེངས་འདུག27འཁྱམ་དུ་སོང་། རང་ཉིད་འཚོལ་དུ་སོང་།28འདི་ན་ཕྱོགས་ལྷུང་གི་ལྟ་ཚུལ་ཡོད་པའི་སྐྱེས་པ་མང་།29འདི་ན་འཚོ་བ་ལ་རེ་ཐག་ཆད་པའི་བུད་མེད་མང་།30འདི་ན་སྒྲུབ་མི་ཚར་བའི་ཁྱིམ་ལས་མང་པོ་ཡོད་།31འཁྱམ་དུ་སོང་། འཕུར་དུ་སོང་།32གནའ་བོའི་སྐྲ་རིང་བློ་ཐུང་གི་བསམ་བཞུགས་ལས་སྒྲོལ་ཏེ།33འདི་ན་རྫོགས་མཐའ་མེད་པའི་སྡུག་བསྔལ་མ་གཏོགས་མེད།34ཁྱོད་ཀྱིས་སྡུག་བསྔལ་ཡོད་ཚད་དོར་ནས་མདུན་དུ་སོང་།35རྒྱུག་ཏུ་སོང་། འཕུར་དུ་སོང་།36རྨི་ལམ་ཁྲོད་ཀྱི་འོད་སྣང་འཚོལ་དུ་སོང་།37ཁྱོད་ལ་བརྩི་མཐོང་བྱེད་པའི་མི་འཚོལ་དུ་སོང་།38ཁྱོད་རང་དགའ་བའི་དངོས་པོ་འཚོལ་དུ་སོང་།
+ 写一段解读
无需登录,内容审核后公开。请勿留下联系方式。

一起聊聊

0 条主评论

第一段感受,也许就来自你。

无需登录,内容审核后公开。请勿留下联系方式。