01作曲 : 尕尔东↗02 编曲 : 尕尔东↗03ང་ཚོས་ནམ་མཁའ་སྟོང་བའི་ངོས་སུ་ལག་པ་བསྲིངས་ནས↗04བོར་ཟིན་པའི་རྨི་ལམ་མི་གླེང↗05ང་ཚོས་གྲིབ་མའི་སྣེ་མོར་འབྱར་བའི་ཆགས་སྡང་དེ་ཡང↗06དུས་ཚོད་ཀྱི་རླུང་བུའི་ནང་དུ་བསྐུར↗07ང་ཚོས་རླུང་བུ་འཁྱག་པོའི་ནང་དུ་ལག་པ་བསྲིངས་ནས↗08ཁ་སང་གི་དབྱར་ཁ་མི་གླེང↗09ང་ཚོས་མདེའུ་མེད་པའི་བོའུ་མཆུ་རང་ལ་གཏད་ནས↗10འཇིག་རྟེན་འདི་ལ་ཁ་ཆེམས་མི་འཇོག↗11ད་ནས↗12ང་ཚོ་རང་གི་སེམས་པའི་ནང་དུ་ལོག↗13སྒེའུ་ཁུང་ནང་དུ་མེ་ཏོག་སྣ་ཚོགས་གསོ↗14ཉི་འོད་ཐང་ལ་ལྷུང་བའི↗15བསིལ་རླུང་དལ་བུར་ལྡིང་བའི་ས་སྲོས་ཤིག་ལ↗16སང་ཉིན་འཆི་བ་ནང་བཞིན↗17སང་ཉིན་འཆི་བ་ནང་བཞིན↗18རང་རང་དགའ་བའི་མི་དག་ལ་སྐེ་འཇུ་གནང↗19ང་ཚོས་རླུང་བུ་འཁྱག་པོའི་ནང་དུ་ལག་པ་བསྲིངས་ནས↗20ཁ་སང་གི་དབྱར་ཁ་མི་གླེང↗21ང་ཚོས་མདེའུ་མེད་པའི་བོའུ་མཆུ་རང་ལ་གཏད་ནས↗22འཇིག་རྟེན་འདི་ལ་ཁ་ཆེམས་མི་འཇོག↗23ད་ནས↗24ང་ཚོ་རང་གི་སེམས་པའི་ནང་དུ་ལོག↗25དགུན་འཁྱག་ནང་དུ་མེ་ཏོག་མང་པོ་གསོ↗26སྨུག་པ་ལང་ལོང་འཐིབ་པའི↗27ཆར་བ་ཟ་ཟི་འབབ་པའི་ཞོགས་པ་ཞིག་ལ↗28སང་ཉིན་འཆི་བ་ནང་བཞིན↗29སང་ཉིན་འཆི་བ་ནང་བཞིན↗30རང་རང་དགའ་བའི་མི་དག་ལ་སྐེ་འཇུ་གནང↗31སང་ཉིན་འཆི་བ་ནང་བཞིན↗32སང་ཉིན་འཆི་བ་ནང་བཞིན↗33རང་རང་དགའ་བའི་མི་དག་ལ་སྐེ་འཇུ་གནང↗ + 写一段解读称呼(可选)你的歌词解读无需登录,内容审核后公开。请勿留下联系方式。提交解读 一起聊聊0 条主评论 第一段感受,也许就来自你。 可以直接提交评论与回复。启用 JavaScript 后,可收起回复或每次查看更多 10 条;以下链接可翻阅主评论。 称呼(可选)分享你的理解与感受无需登录,内容审核后公开。请勿留下联系方式。提交评论 ↗