谢旦歌曲封面
00:00
04:06
🔊

梅朵玛

专辑
梅朵玛
发行日期
2023-08-10
流派
暂无
时长
04:06
播放次数
2,356,789
收藏人数
156,432
歌词
相关信息

作曲 : 三智才让

作词 : 岗华

编曲 : 三智文化传媒/夏雄·扎西多杰

བོད་པའི་བུ་མོ་མེ་ཏོག་མ། བོད་པའི་བུ་མོ་མེ་ཏོག་མ།

བགད་ན་འཛུམ་ཡག་ཚིག་གི་ཨ་ལན་ཡག

བོད་པའི་བུ་མོ་མེ་ཏོག་མ། བོད་པའི་བུ་མོ་མེ་ཏོག་མ།

གཤིས་ལ་བྱམས་ཡོད་སྙིང་གཏམ་ཆུ་མོ་དྭངས།

མིག་གིས་རྩེད་དགའ་གླེང་རེད།

འཛུམ་གྱིས་ལ་གཞས་ལེན་རེད། བོད་པའི་བུ་མོ།

པདྨའི་བཞིན་ཅན་ཡིན་རེད།

ངང་བའི་མདོག་འདྲ་ཡོད་རེད། བོད་པའི་བུ་མོ།

ཨོ། པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག

ཨོ་ཧོ། དགའ་ལ་ཡེ་ཤིས་ཆང་ལ་ཚེ་རིང་ལགས།

ཨོ་ཧོ། དགའ་ལ་ཡེ་ཤིས་ཆང་ལ་ཚེ་རིང་ལགས།

མིག་གིས་རྩེད་དགའ་གླེང་རེད།

འཛུམ་གྱིས་ལ་གཞས་ལེན་རེད། བོད་པའི་བུ་མོ།

པདྨའི་བཞིན་ཅན་ཡིན་རེད།

ངང་བའི་མདོག་འདྲ་ཡོད་རེད། བོད་པའི་བུ་མོ།

ཨོ། པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག

བོད་པའི་བུ་མོ་མེ་ཏོག་མ། བོད་པའི་བུ་མོ་མེ་ཏོག་མ།

སོང་ན་འགྲོས་ཡག་སེམས་དང་བསམ་པ་ཡག

བོད་པའི་བུ་མོ་མེ་ཏོག་མ། བོད་པའི་བུ་མོ་མེ་ཏོག་མ།

ཁ་ཡི་ཚིག་ཡག་བློ་ན་ཁྲེལ་གཞུང་ཡོད།

མིག་གི་དཀྲི་ག་ཡག་རེད།

དུང་གི་སོ་ཕྲེང་ཡག་རེད། བོད་པའི་བུ་མོ།

སྨིན་མའི་ཚེས་རིས་ཡག་རེད།

མཆུ་སྒྲོས་རི་མོ་ཡག་རེད། བོད་པའི་བུ་མོ།

ཨོ། མི་མོའི་ལུས་ལ་ལྷ་མོའི་འཇོ་སྒེག་ཅན།

ཨོ་ཧོ། དགའ་ལ་ཡེ་ཤིས་ཆང་ལ་ཚེ་རིང་ལགས།

ཨོ་ཧོ། དགའ་ལ་ཡེ་ཤིས་ཆང་ལ་ཚེ་རིང་ལགས།

མིག་གི་དཀྲི་ག་ཡག་རེད།

དུང་གི་སོ་ཕྲེང་ཡག་རེད། བོད་པའི་བུ་མོ།

སྨིན་མའི་ཚེས་རིས་ཡག་རེད།

མཆུ་སྒྲོས་རི་མོ་ཡག་རེད། བོད་པའི་བུ་མོ།

ཨོ། མི་མོའི་ལུས་ལ་ལྷ་མོའི་འཇོ་སྒེག་ཅན།

བོད་པའི་བུ་མོ་མེ་ཏོག་མ། བོད་པའི་བུ་མོ་མེ་ཏོག་མ།

གོས་ཀྱི་སུལ་ཡག་སྐྲ་ཡི་ལན་བུ་ཡག

བོད་པའི་བུ་མོ་མེ་ཏོག་མ། བོད་པའི་བུ་མོ་མེ་ཏོག་མ།

ཚིག་གི་ཕྲེང་དག་ངག་གི་སྨྲ་བ་འཇམ།

ལང་ཚོའི་འཇའ་རིས་ཡག་རེད།

རྨ་བྱ་སྔོན་མོ་འདྲ་རེད། བོད་པའི་བུ་མོ།

ལུས་ཀྱི་སྤོས་དྲི་ཞིམ་རེད།

དྲི་ལྡན་མེ་ཏོག་འདྲ་རེད། བོད་པའི་བུ་མོ།

ཨོ། ཀླུ་ཡི་བུ་མོ་མི་ཡུལ་བྱོན་འདྲ་བ།

ཨོ་ཧོ། དགའ་ལ་ཡེ་ཤིས་ཆང་ལ་ཚེ་རིང་ལགས།

ཨོ་ཧོ། དགའ་ལ་ཡེ་ཤིས་ཆང་ལ་ཚེ་རིང་ལགས།

ལང་ཚོའི་འཇའ་རིས་ཡག་རེད།

རྨ་བྱ་སྔོན་མོ་འདྲ་རེད། བོད་པའི་བུ་མོ།

ལུས་ཀྱི་སྤོས་དྲི་ཞིམ་རེད།

དྲི་ལྡན་མེ་ཏོག་འདྲ་རེད། བོད་པའི་བུ་མོ།

ཨོ། ཀླུ་ཡི་བུ་མོ་མི་ཡུལ་བྱོན་པ་འདྲ།

历史记录

!
提示
播放失败哦,因为我没有版权😂哈哈哈。