根呷歌曲封面
00:00
06:22
🔊

珠牧九曼六变曲

专辑
南江秋措个人演唱会
发行日期
2024-02-18
流派
暂无
时长
06:22
播放次数
2,356,789
收藏人数
156,432
歌词
相关信息

作词 : 图邓君尼/仁青战斗

作曲 : 图邓君尼/仁青战斗

ཡ་རེ། གླུ་ཨ་ལ་གླུ་ཡི་ལེན་ལུགས་རེད། ཡ།

ཡ་རེ། གླུ་ཐ་ལ་ངག་གི་བཀུག་ལུགས་རེད། ཡ།

ཡ་རེ། ཤར་གཡུ་ལོ་བཀོད་པའི་ཞིང་ཁམས་ནས། ཡ།

ཡ་རེ། མ་རྗེ་བཙུན་སྒྲོལ་མ་དཀར་མོ་མཁྱེན། ཡ།

ཡ་རེ། ས་འདི་ཡི་ས་ངོ་མ་ཤེས་ན། ཡ།

ཡ་རེ། ཁྲ་མོ་གླིང་གི་ས་ཆ་རེད། ཡ།

ཡ་རེ། ང་དང་ང་ངོ་མ་ཤེས་ན། ཡ།

ཡ་རེ། ཉ་ཆགས་ཕུ་དྲུག་མདའ་དང་བདུན། ཡ།

ཡ་རེ། དུང་མཚོ་དཀར་མོ་བརླབས་དང་བརྒྱད། ཡ།

ཡ་རེ། སྐྱ་རེངས་གད་པ་རྔམ་དང་དགུ ཡ།

ཡ་རེ། ཕོ་བྲང་སྟག་རྩེ་གཟི་དང་བཅུ། ཡ།

ཡ་རེ། བཅུ་འཛོམས་གཡང་གི་ར་བ་ནས། ཡ།

སྒ་སྐྱ་ལོ་སེང་ལྕམ་འབྲུག་མོ་ཡིན། ཡ།

ང་སེང་ལྕམ་འབྲུག་མོ་ཐོགས་དོན་ནི།

ང་དབྱར་ལ་མ་སྐྱེས་དགུན་ལ་སྐྱེས། ཡ།

དགུན་སྟག་ཡོས་གཉིས་ཀྱི་བར་ལ་སྐྱེས། ཡ།

མཐོ་ཨ་སྔོན་དགུང་ནས་འབྲུག་གཅིག་གྲགས།

དམའ་དོག་མོ་ས་ནས་ལྕམ་གཅིག་སྐྱེས། ཡ།

སྟོད་དཀར་ཡག་གངས་ལ་སེང་གེ་འགྱིང་། ཡ།

ང་སེང་ལྕམ་འབྲུག་མོ་དེ་ནས་ཐོགས།

ཆོན་ཆེན་མགོ་ལ་ཐང་དཀར་བབས། ཡ།

ཤ་ལོ་དཀར་བ་དེ་དོན་རེད། ཡ།

ཆོན་ཆུང་མགོ་ལ་ཐང་སྨུག་བབས།

ཤ་རྩ་སྨུག་པ་དེ་དོན་རེད། ཡ།

གུང་ཤིང་མགོ་ལ་ནེ་ཙོ་བབས། ཡ།

སྨྲ་བརྗོད་མཁས་པ་དེ་དོན་རེད།

ཆ་ཀ་མགོ་ལ་ཅོ་ཀ་བབས། ཡ།

སྐད་ངག་སྙན་པ་དེ་དོན་རེད། ཡ།

ཕུར་ཆེན་མགོ་ལ་རྨ་བྱ་བབས།

གཟི་མདངས་ཆེ་བ་དེ་དོན་རེད། ཡ།

ཕུར་ཆུང་མགོ་ལ་རྒྱ་བྱ་བབས། ཡ།

སྐེ་མགུལ་རིང་བ་དེ་དོན་རེད།

ཐལ་ཕུང་ནང་ནས་མེ་སྟག་འཚུབ། ཡ།

མི་ཁ་སྡང་བ་དེ་དོན་རེད། ཡ།

གླུ་འདིའི་གླུ་ངོ་མ་ཤེས་ན།

ང་འབྲུག་མོའི་དགུ་སིང་དྲུག་འགྱུར་ཡིན། ཡ།

ང་སེང་ལྕམ་གླུ་ཡི་ལེན་ལུགས་ལ། ཡ།

དབྱར་ཟླ་གསུམ་མེ་ཏོག་བཞད་གླུ་ལེན།

དགུན་ཟླ་གསུམ་བསེར་མའི་སྙན་གླུ་ལེན། ཡ།

སྟོན་ཟླ་གསུམ་བུང་བའི་སྐྱིད་གླུ་ལེན། ཡ།

དཔྱིད་ཟླ་གསུམ་ཁུ་བྱུག་སྙན་གླུ་ལེན།

དུས་རྒྱུན་དུ་དགུ་སིང་དྲུག་འགྱུར་ལེན། ཡ།

དགུ་སིང་བ་བར་སྣང་ཆར་ལ་སིང་། ཡ།

དྲུག་འགྱུར་བ་གཡུ་འབྲུག་སྐད་ལ་འགྱུར།

གླུ་དགུ་སིང་དྲུག་འགྱུར་དེ་ནས་ཐོགས། ཡ།

历史记录

!
提示
播放失败哦,因为我没有版权😂哈哈哈。