南措歌曲封面
00:00
04:14
🔊

姐妹对歌

专辑
姐妹对歌
发行日期
2023-08-07
流派
暂无
时长
04:14
播放次数
2,356,789
收藏人数
156,432
歌词
相关信息

གཅེན་གཅུང་འདྲི་གླུ་སྙན་མོ།

ཚིག ལྷག་བསམ་རྒྱལ།

དབྱངས། ལྷག་བསམ་རྒྱལ།

ལེན་མཁན། གནམ་མཚོ་དང་ཕུར་བུ་སྒྲོལ་མ།

ཨ་ཅེ་ལགས།

མ་སྐྱེས་ཨ་མ་ཁྱོད་ཡིན།

མ་གཅིག་སྤུན་མཆེད་ཁྱོད་ཡིན།།

དེ་རིང་སྙིང་གཏམ་ཞུས་ན།།

ཡར་ཚང་བཀྲ་ཤིས་ཟླ་བ།།

ཟླ་བ་འདྲ་ཞིག་ཨེ་ཡོད།།

ཟླ་བ་འདྲ་ཞིག་ཡོད་ན།།

རིགས་བཟང་ལྷ་སྲས་རེད་ཟེར།།

ནུ་མོ་ལགས།

ཕ་མའི་གཅེས་ཕྲུག་ཁྱོད་ཡིན།།

འུ་ཚོའི་ཐ་ཆུང་ཁྱོད་ཡིན།།

མིག་ཟུང་རྒྱང་ལ་ཕྱོགས་དང་།།

དགའ་བའི་གཏན་གྲོགས་ཟེར་བ།

ལྷ་ཡི་དབང་ཐང་མིན་རུང་།།

སྡུག་གི་མུན་པ་འཐིབས་ཚེ།།

དུང་གི་ཟླ་བ་ཡིན་དགོས།

ཨ་ཅེ་ལགས།

མ་སྐྱེས་ཨ་མ་ཁྱོད་ཡིན།

མ་གཅིག་སྤུན་མཆེད་ཁྱོད་ཡིན།།

ལག་ཟུང་དམ་དུ་སྦྲེལ་བའི།

དམ་བཅའི་མདུད་པ་ཞིག་ལ།

གཞོམ་གཞིག་ཡོང་བ་ཨེ་སྲིད།།

གཞོམ་གཞིག་ཡོང་བ་མེད་ན།།

སྡུག་གི་སྐྱ་ཡ་ཡིན་ཟེར།།

ནུ་མོ་ལགས།

ཕ་མའི་གཅེས་ཕྲུག་ཁྱོད་ཡིན།།

འུ་ཚོའི་ཐ་ཆུང་ཁྱོད་ཡིན།།

འདུན་པ་རྒྱང་ལ་ཆོངས་དང་།།

སེམས་ཀྱི་བྱམས་པ་ཞིག་གིས།།

མནའ་དང་དམ་བཅའ་མི་དགོས།

བརྩེ་བའི་མིག་གིས་འཚོས་ན།།

མི་ཚེའི་བསོད་ནམས་དེ་ཡིན།།

历史记录

!
提示
播放失败哦,因为我没有版权😂哈哈哈。