班措歌曲封面
00:00
05:29
🔊

一园芬芳

专辑
一园芬芳
发行日期
2023-07-06
流派
暂无
时长
05:29
播放次数
2,356,789
收藏人数
156,432
歌词
相关信息

作词 : 居·格桑

作曲 : 藏乐圈

(པད།)སྨར་རོལ་གཡུ་ལྗོངས་ཕྱུག་མོ་འདི།

སྐྱེས་ཆེན་གསེར་རིའི་ཕྲེང་བ་འཁྲུངས་ས་རེད།

ང་ཚོ་གཞོན་ལུས་ལྗོན་པ་གཉོམ་ཡང་།

བཏུང་བྱ་བདུད་རྩིའི་ཆུ་རྒྱུན་གཅིག་པ་ཡིན།

(བློ།) ནགས་སྤང་མཚམས་ཀྱི་མེ་ཏོག

ཨ་མ་ཀླུ་ལྕམ་མཛེས་མའི་དབུ་རྒྱན་རེད།

ང་ཚོ་ལང་ཚོའི་མྱུ་གུ་ཕྲ་ཡང་།

ཐོད་ཆིངས་སྐྲ་ལོའི་མེ་ཏོག་གཅིག་པ་ཡིན།

(མཉམ།) བཞོན་བྱིའུ་མགོ་མའི་གྲེ་འགྱུར།

དབྱངས་གསལ་ཡི་གེའི་འདོན་དབྱངས།

ང་ཚོ་སློབ་རའི་མཉམ་སྒྲོག་རོལ་མོ་དང་པོ།

དགེ་རྒན་མཁྱེན་བརྩེའི་འོད་སྣང་།

འཆད་ཁྲིའི་ཡང་སྟེང་གི་རིག་པའི་སྒྲོན་མེ།

སློབ་གྲོགས་ལས་མཐུན་ལག་སྦྲེལ།

སྐྱེད་ཚལ་ཁྱོན་གཅིག་གི་མེ་ཏོག་ཚོམ་བུ།

(ཤེར།) ཨ་ཧོ་ཡེ།

འདོད་འཇོ་གསེར་གྱི་ཁང་ཆུང་ཟེར་བ།

ཤེས་རབ་རི་རྩེར་ཕུབ་ཡོད།

ཤེས་རབ་རྩལ་ཁ་འབྱེད་པའི་ལྡེ་མིག

ཨེ་མ་དེ་རིང་ལག་ཏུ་ཐོགས་ཡོད།

(མེ།) སློབ་ར་སྐྱིད་ཀྱང་སྐྱིད་མོད།

རང་འོད་རང་སྟེང་ནས་ཅིས་ཀྱང་འབྱིན་དགོས།

སྐྱོད་དགོས་རྒྱང་རིང་ལམ་དུ་སྐྱོད་དགོས།

སྲིད་པའི་སྒང་གཤོང་མཐོང་ན།

སྤྲིན་མཐུག་པ་རི་བོའི་དཔུང་རྒྱན་ཡིན།

(མེ།) སྨར་རོལ་གཡུ་ལྗོངས་ཕྱུག་མོ་འདི།

སྐྱེས་ཆེན་གསེར་རིའི་ཕྲེང་བ་འཁྲུངས་ས་རེད།

ང་ཚོ་གཞོན་ལུས་ལྗོན་པ་གཉོམ་ཡང་།

བཏུང་བྱ་བདུད་རྩིའི་ཆུ་རྒྱུན་གཅིག་པ་ཡིན།

(ཤེར།) ནགས་སྤང་མཚམས་ཀྱི་མེ་ཏོག

ཨ་མ་ཀླུ་ལྕམ་མཛེས་མའི་དབུ་རྒྱན་རེད།

ང་ཚོ་ལང་ཚོའི་མྱུ་གུ་ཕྲ་ཡང་།

ཐོད་ཆིངས་སྐྲ་ལོའི་མེ་ཏོག་གཅིག་པ་ཡིན།

(མཉམ།) ཞོགས་པའི་མེ་ཏོག་གྲོལ་དུས།

རིག་པའི་ཟིལ་མངར་གཞིབ་པ།

ང་ཚོ་སློབ་བུའི་བདེ་སྐྱིད་སྐལ་བ་དང་པོ།

ཁྲིད་སྦྱང་རྣོ་སོ་འབྱིན་དགོས།

ངེས་ཤེས་མོས་སྙེག་འདི་དེ་བས་གནད་ཆེ།

རིག་པས་རུམ་ཁ་གང་དགོས།

ཚུལ་ལྡན་མི་གཞི་འདི་དེ་བས་འགངས་ཆེ།

(བློ།) ཨ་ཧོ་ཡེ།

འདུན་པའི་བང་རིམ་བརྒྱད་ཅུ་ཟེར་བ།

རྨི་ལམ་གཤོག་པས་མི་ཆོད།

བརྩོན་འགྲུས་ཐང་ལྷོད་མེད་པ་དགོས་ན།

ལམ་སྣེ་རྡོག་པའི་འོག་ཏུ་ནོན་དགོས།

(པད།) བླ་རི་བཙན་པོའི་གསང་ཚིག

ལྗགས་ལ་རང་བྱོན་གྱི་ཐ་ཚིག་གཉན་པོ།

སྙེག་དགོས་སྲིད་པའི་མཐོ་ཚད་སྙེག་དགོས།

རང་གདང་རང་ལ་ཁེལ་ན།

རླུང་ཆེ་བ་རྒོད་པོའི་རྩེ་ཡ་ཡིན།

(མཉམ།) སྙེག་དགོས་སྲིད་པའི་མཐོ་ཚད་སྙེག་དགོས།

རང་གདང་རང་ལ་ཁེལ་ན།

རླུང་ཆེ་བ་རྒོད་པོའི་རྩེ་ཡ་ཡིན།

历史记录

!
提示
播放失败哦,因为我没有版权😂哈哈哈。