南措歌曲封面
00:00
04:11
🔊

ལས་ལ་རེམས།

专辑
奋进
发行日期
2017-08-26
流派
暂无
时长
04:11
播放次数
2,356,789
收藏人数
156,432
歌词
相关信息

作词 : མགར་གསེར་འོད།

作曲 : 民间

གངས་ཅན་བོད་འདི་ཉི་ཟླའི་ཁྱིམ་ན་ཡོད།།

[00:39.0]གནས་ལྔ་གཙུག་ལག་ཟུང་གི་གྲོང་ན་ཡོད།།

སྐད་ཡིག་རིན་ཆེན་གསེར་ནག་སེམས་ན་ཡོད།།

མེས་པོའི་རིག་གཞུང་སྲུང་བའི་ལས་ལ་རེམས།།

གངས་ཅན་བོད་འདི་ཉི་ཟླའི་ཁྱིམ་ན་ཡོད།།

གནས་ལྔ་གཙུག་ལག་ཟུང་གི་གྲོང་ན་ཡོད།།

སྐད་ཡིག་རིན་ཆེན་གསེར་ནག་སེམས་ན་ཡོད།།

མེས་པོའི་རིག་གཞུང་སྲུང་བའི་ལས་ལ་རེམས།།

གངས་ཅན་བོད་འདི་གོ་ལའི་རྩེ་ན་ཡོད།།

གངས་རི་དཀར་ལ་ཆུ་བོ་དྭངས་ཤིང་གཙང་།།

སྤང་ལྗོངས་མཛེས་ལ་རྩྭ་ཐང་ཡངས་ཤིང་ཆེ།།

ཁོར་ཡུག་གཙང་དག་བྱེད་པའི་ལས་ལ་རེམས།།

གངས་ཅན་བོད་འདི་གོ་ལའི་རྩེ་ན་ཡོད།།

གངས་རི་དཀར་ལ་ཆུ་བོ་དྭངས་ཤིང་གཙང་།།

སྤང་ལྗོངས་མཛེས་ལ་རྩྭ་ཐང་ཡངས་ཤིང་ཆེ།།

[02:40.0]ཁོར་ཡུག་གཙང་དག་བྱེད་པའི་ལས་ལ་རེམས།།

[03:02.0]གངས་ཅན་བོད་འདི་ཆོས་ཀྱི་ཞིང་ན་ཡོད།།

ལས་དང་རྒྱུ་འབྲས་བརྩི་སའི་ཡུལ་ན་ཡོད།།

བྱམས་དང་སྙིང་རྗེ་ལྡན་པའི་མི་རིགས་འདིའི།།

ཚེ་སྲོག་གཅེས་སྐྱོང་བྱེད་པའི་ལས་ལ་རེམས།།

གངས་ཅན་བོད་འདི་ཆོས་ཀྱི་ཞིང་ན་ཡོད།།

ལས་དང་རྒྱུ་འབྲས་བརྩི་སའི་ཡུལ་ན་ཡོད།།

བྱམས་དང་སྙིང་རྗེ་ལྡན་པའི་མི་རིགས་འདིའི།།

[03:58.0]ཚེ་སྲོག་གཅེས་སྐྱོང་བྱེད་པའི་ལས་ལ་རེམས།།

བྱམས་དང་སྙིང་རྗེ་ལྡན་པའི་མི་རིགས་འདིའི།།

ཚེ་སྲོག་གཅེས་སྐྱོང་བྱེད་པའི་ལས་ལ་རེམས།།

历史记录

!
提示
播放失败哦,因为我没有版权😂哈哈哈。