
00:00
03:23
九眼抛石绳
歌词
相关信息
作词 : 洛桑仁青
作曲 : 佐庆丹真
音乐宣传:谢旦贴吧工作室
男:
གཟི་ཡི་ཆུ་མིག་འཁྱིལ་བའི།
འུར་རྡོ་ཆུ་མིག་དགུ་སྒྲིག
སྒང་པ་བོད་ཀྱི་བཟོ་རྩལ།
གླིང་དཀར་སྟོད་ཀྱི་ལག་རྩལ།
合:
ཨོ། འུར་རྡོ་ཆུ་མིག་དགུ་སྒྲིག
ཁྲ་དང་རི་མོ་མཛེས་པས།
སྟག་ཤར་གཞོན་པའི་མཚོན་ཆ།
ཨོ། སྨན་ཆུང་བུ་མོའི་རྒྱན་ཆ།
女:
གཡག་རྔ་དམར་པོས་བརྒྱན་པའི།
འུར་རྡོ་ཆུ་མིག་དགུ་སྒྲིག
གཟེ་འབབ་མདའ་ལས་དྲང་བ།
འུར་ལྕེ་ཐོག་ལས་ཚ་བ།
合:
ཨོ། འུར་རྡོ་ཆུ་མིག་དགུ་སྒྲིག
སྟོབས་དང་ཟིལ་ཤུགས་ལྡན་པས།
ཐག་རིང་རྒྱང་ནས་གྲགས་དུས།
ཨོ། རི་སྤྱང་སྙིང་རྩ་འདར་སོང་།
རྩིད་བལ་དཀར་ནག་བསླས་པའི།
འུར་ཐག་ཆུ་མིག་དགུ་སྒྲིག
ནོར་ལུག་སྟོང་གི་འཚོ་ཡ།
གཡུལ་ཆེན་འཐབ་པའི་དཔུང་ཡ།
ཨོ། འུར་ཐག་ཆུ་མིག་དགུ་སྒྲིག
ལོ་རྒྱུས་རྡོ་རིང་ངོས་སུ།
མི་འགྱུར་དན་རྟགས་ཁྲག་གི
ཨོ། རི་མོ་ངོ་མཚར་བཀོད་སོང་།
ཨོ། འུར་ཐག་ཆུ་མིག་དགུ་སྒྲིག
ལོ་རྒྱུས་རྡོ་རིང་ངོས་སུ།
མི་འགྱུར་དན་རྟགས་ཁྲག་གི
ཨོ། རི་མོ་ངོ་མཚར་བཀོད་སོང་།