天果洛地果洛
作词 : 曹日刚
作曲 : 丹贝尖参
女:
གངས་དཀར་བོའི་རལ་བ་མེས་པོའི་ཐོར་ཅོག་ཅིག་ཡིན།
མཚོ་ལྗང་མོའི་ག་འུ་སྲིད་པའི་མེ་ལོང་ཞིག་ཡིན།
གནམ་མགོ་ལོག་འདི་ཚང་འབྲོང་གི་རྭ་རྩེ་ཞིག་ཡིན།
ས་མགོ་ལོག་འདི་ཚང་འབྲོང་རྭའི་མདའ་གཞུ་ཞིག་ཡིན།
男:
གླིང་དཔའ་བོའི་འཁྲུངས་རབས་གསེར་གྱི་གླེགས་བམ་ཞིག་ཡིན།
སྨན་བཟང་མོའི་སྐྱེས་རབས་དངུལ་གྱི་ཞལ་ཐང་ཞིག་ཡིན།
གནམ་མགོ་ལོག་འདི་ཚང་བཙན་པོའི་མི་རབས་ཤིག་ཡིན།
ས་མགོ་ལོག་འདི་ཚང་སྨུག་པོའི་གདོང་རབས་ཤིག་ཡིན།
合:
ཧ་ཨ་ཧ། ཧ་ཨ་ཨ།
གནམ་མགོ་ལོག་འདི་ཚང་བཙན་པོའི་མི་རབས་ཤིག་ཡིན།
ས་མགོ་ལོག་འདི་ཚང་སྨུག་པོའི་གདོང་རབས་ཤིག་ཡིན།
བྱམས་སྙིང་རྗེའི་དར་མདུད་ཚེ་ཡི་སྲུང་མ་ཞིག་ཡིན།
ལས་རྒྱུ་འབྲས་མེ་ཏོག་འཚོ་བའི་རྐང་རྟེན་ཞིག་ཡིན།
གནམ་མགོ་ལོག་འདི་ཚང་རིག་པའི་སྒར་དཔུང་ཞིག་ཡིན།
ས་མགོ་ལོག་འདི་ཚང་མཐུན་པའི་དཔུང་རྡང་ཞིག་ཡིན།