班措歌曲封面
00:00
03:25
🔊

思念母亲

专辑
思念母亲
发行日期
2022-11-12
流派
暂无
时长
03:25
播放次数
2,356,789
收藏人数
156,432
歌词
相关信息

ཨ་མ་དྲན་གླུ།

ཚིག དཔལ་མགོན།

དབྱངས། དཔལ་མགོན།

ལེན་མཁན། པད་མཚོ།

གཞས་ཆུང་ཁྲ་མོ་ལ་ཡེ་་་་་་་

དབྱར་གསུམ་མེ་ཏོག་ཁྲོད་ནས།།

བུང་བས་གླུ་ཆུང་ལེན་དུས།།

མ་ཎི་དབྱངས་ལ་འགུག་པའི།།

ཨ་མ་ཡིད་ལ་དྲན་སོང་།། གཞས་ཆུང་ཁྲ་མོ་ལ་ཡེ་་་་་་་

གཞས་ཆུང་ཁྲ་མོ་ལ་ཡེ་་་་་་

དགུན་གསུམ་ཁ་བའི་དབུས་ནས།།

གངས་རི་དཀར་པོ་མཇལ་དུས།།

ལྷག་བསམ་གངས་ལས་དཀར་པའི།།

ཨ་མ་ཡིད་ལ་དྲན་སོང་།། གཞས་ཆུང་ཁྲ་མོ་ལ་ཡེ་་་་་་་

གཞས་ཆུང་ཁྲ་མོ་ལ་ཡེ་་་་་་

སྟོན་གསུམ་སྡོང་ལོ་སེར་པོ།།

ཤག་ཤག་རྒྱང་ལ་འཁུར་དུས།།

ཕ་ཡུལ་ཤུལ་ནས་ལུས་པའི།།

ཨ་མ་ཡིད་ལ་དྲན་སོང་།། གཞས་ཆུང་ཁྲ་མོ་ལ་ཡེ་་་་་་་

གཞས་ཆུང་ཁྲ་མོ་ལ་ཡེ་་་་་་་

དཔྱིད་གསུམ་རླུང་བུ་འཇམ་པོས།།

གདོང་ལ་བྱིལ་བྱིལ་གནང་དུས།།

ཆུང་དུས་བརྩེ་བས་བསྐྱངས་པའི།།

ཨ་མ་ཡིད་ལ་དྲན་སོང་།། གཞས་ཆུང་ཁྲ་མོ་ལ་ཡེ་་་་་་་

གཞས་ཆུང་ཁྲ་མོ་ལ་ཡེ་་་་་་

ས་མཐའི་ཉམ་ཆུང་བུ་མོས།།

བྱམས་ལྡན་ཨ་མའི་ཕྱོགས་ལ།།

རྒྱུད་དྲུག་དབྱངས་རྟ་སྙན་མོས།།

དྲན་པའི་གླུ་ཆུང་བླངས་སོང་།། གཞས་ཆུང་ཁྲ་མོ་ལ་ཡེ་་་་་་་

དྲན་པའི་གླུ་ཆུང་བླངས་སོང་།། གཞས་ཆུང་ཁྲ་མོ་ལ་ཡེ་་་་་་་

历史记录

!
提示
播放失败哦,因为我没有版权😂哈哈哈。