南措歌曲封面
00:00
03:22
🔊

歌者的心愿

专辑
歌者的心愿
发行日期
2023-10-31
流派
暂无
时长
03:22
播放次数
2,356,789
收藏人数
156,432
歌词
相关信息

གཞས་འགྲོའི་འདུན་པ།

ཚིག རྨ་འོད།

གདངས། འབྲུག་པ།

གཞས་གཏོང་མཁན། གནམ་མཚོ། བཀྲ་ཤིས་ཆོས་འཕེལ།

མོ ༼༡༽འབྲས་དཀར་བོ་བཏབ་པའི་ཞིང་ལ།།

བྱ་ཕོ་རོག་ནག་པོ་མ་གཏོང་།།

ཕྱི་སྡེ་བ་ཁྲ་མིག་ཁྲ་ཁ།།

ཤ་རུས་པར་ཡང་ཡང་འཁོར་ཡོང་།།

ཕོ༼༢༽ལས་ཀྱི་སྒོ་མོ་ཕྱེས་སོང་།།

སེམས་ཀྱི་མི་དེ་མཐོང་བྱུང་།།

སྒྲོ་ཡག་རྨ་བྱའི་འགྲོས་ལ།།

ཁུ་བྱུག་གསུང་སྙན་ཆགས་སོང་།།

ཤོག་རྨ་བྱ་ཤོག ཤོག་ཤོག་སྒྲོ་ཡག་ཤོག

ཤོག་ཁུ་བྱུག་ཤོག ཤོགཤོག་གསུང་སྙན་ཤོག

ཕོ ༼༡༽ལས་ཆ་འགྲིག་ཆ་མོའི་སྒང་ལ།།

སེམས་ཁྲ་ཁྲའི་དར་ལྕོག་མ་འཛུགས།།

ནང་ན་ཟླ་རླུང་ཁ་རླུང་མིག།

ཤ་རུས་པར་ཡང་ཡང་ཕོག་ཡོང་།།

མོ༼༢༽ཚེ་ཡི་སྲུང་བ་མཐོངབྱུང་།།

སྲོག་གི་འཇུ་ཐག་རྙེད་སོང་།།

ཚེ་སྲོག་དར་ལ་མདུད་པའི།།

ཚེ་སྔོན་འདུན་མ་འགྲིག་སོང་།།

ཤོག་རྨ་བྱ་ཤོག ཤོག་ཤོག་སྒྲོ་ཡག་ཤོག

ཤོག་ཁུ་བྱུག་ཤོག ཤོགཤོག་གསུང་སྙན་ཤོག

༣ ༼མཉམ་ལེན༽

ཡར་ཀླུང་གཙང་བོའི་གཞུང་ལ།།

ཡར་འགྲོའི་ཀོ་གྲུ་བཏང་ཡོད།།

གྲུ་དཔོན་བསམ་པའི་དོན་འགྲུབ།།

གཙང་ཆུའི་གསེར་མིག་ཉ་ཡིན།

བཀྲ་ཤིས་སྐྱིད་ཀྱི་རྩ་བ།།

སྙན་མོ་གཞས་ལ་བཀུག་ཡོད།།

གཞས་གྲོགས་ཚེ་རིང་ལོ་བརྒྱ།།

གཞས་ར་ཁ་དྲོ་བཀྲ་ཤིས།།

ཤོག་རྨ་བྱ་ཤོག ཤོག་ཤོག་སྒྲོ་ཡག་ཤོག

ཤོག་ཁུ་བྱུག་ཤོག ཤོགཤོག་གསུང་སྙན་ཤོག

历史记录

!
提示
播放失败哦,因为我没有版权😂哈哈哈。