班措歌曲封面
00:00
04:31
🔊

妙音佛母赞歌

专辑
梦中的牧女
发行日期
2021-10-28
流派
暂无
时长
04:31
播放次数
2,356,789
收藏人数
156,432
歌词
相关信息

作词 : 宗喀巴大师造

作曲 : 道瑞

༼དབྱངས་ཅན་མའི་བསྟོད་པ།༽

རྗེ་༧བློ་བཟང་གྲགས་པས་མཛད།

དབྱངས རྡོ་རེད།

ལེན་མཁན། པད་མཚོ།

ཆུ་འཛིན་དཀར་པོའི་གློག་ཕྲེང་དྲ་བ་ཅན།།

མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ།།

དྲི་ཟའི་ན་ཆུང་དབུས་ན་འཇོ་སྒེག་མཁན།།

རིང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན། །

པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག། །

མཐོན་མཐིང་རལ་པའི་རྩེ་ན་འོད་དཀར་ཅན།།

རོལ་སྒེག་གར་གྱིས་འགྱིངས་པའི་དབྱངས་ཅན་མ།།

ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ།།

རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།།

མིག་གིས་ལྟ་བའི་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱེད་ཀྱིས་བདག་གི་ངག།།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས།།

ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན།།

ཟབ་ཡངས་རྒྱ་མཚོའི་འཇིངས་ལྟར་དཔག་དཀའ་བ།།

དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད།།

历史记录

!
提示
播放失败哦,因为我没有版权😂哈哈哈。