
远离自在的心
作词 : 居·格桑
作曲 : 曲迈才让
ཡུལ་མཐའ་མེད་འཇིག་རྟེན་སྣང་བ་རེད།།
སེམས་བདག་མེད་མདའ་མོ་འཐེབ་ཤོར་རེད།།
མདའ་ཤར་ལ་འཁོར་དང་ནུབ་ལ་ཕྱོགས།།
བཤད་དཀའ་འི་བཤད་རུང་ཐུག་དཀའ་འི།།
ཆང་སེམས་དང་འདྲེས་པ་སྐྱོན་ཅིག་རེད།།
སེམས་ཆང་གིས་འཁྲུལ་བ་དཔེ་ཞིག་རེད།།
ཆང་གན་གི་དབུས་ནས་མི་ཞིག་མཐོང་།།
འཐུང་དཀའ་འི་མ་འཐུང་བསྐྱུར་དཀའ་འི།།
ཞིང་ཨ་ལོང་ལ་མོ་ཨ་ལོང་ལེན།
ཞིང་ཨ་ལོང་ལ་མོ་ཨ་ལོང་ལེན།
ཧེ་ཡེ་ཧེ་ཏེ།
ཞིང་ཨ་ལོང་ལ་མོ་ལེན།
རླུང་སྤྲིན་གྱིས་ཁྲིད་པ་འདྲ་བ་ལ།།
སྤྲིན་རླུང་གིས་དེད་པ་འདྲ་བ་ལ།།
སེམས་སེམས་ཀྱིས་བསྙེག་ཚུལ་དེ་འདྲ་རེད།།
ཕྲད་དཀའ་འི་ཕྲད་ན་ཕྱེ་དཀའ་འི།།
རི་མཐོ་ནས་སྤྲིན་ལ་ཟུག་ཐལ་ཟེར།།
སྤྲིན་དམའ་ནས་རི་རྩེ་གཡོགས་ཐལ་ཟེར།།
ལས་སྨོན་ལམ་ཐེབས་ན་དེ་འདྲ་རེད།།
བསམ་དཀའ་འི་ཡིད་ལ་འཁོར་དཀའ་འི།།
ཞིང་ཨ་ལོང་ལ་མོ་ཨ་ལོང་ལེན།
ཞིང་ཨ་ལོང་ལ་མོ་ཨ་ལོང་ལེན།
ཧེ་ཡེ་ཧེ་ཏེ།
ཞིང་ཨ་ལོང་ལ་མོ་ལེན།
ཞིང་ཨ་ལོང་ལ་མོ་ཨ་ལོང་ལེན།
ཞིང་ཨ་ལོང་ལ་མོ་ཨ་ལོང་ལེན།
ཧེ་ཡེ་ཧེ་ཏེ།
ཞིང་ཨ་ལོང་ལ་མོ་ལེན།