戈桑玛歌曲封面
00:00
03:37
🔊

月亮的那边有你

专辑
月亮的那边有你
发行日期
2022-12-23
流派
暂无
时长
03:37
播放次数
2,356,789
收藏人数
156,432
歌词
相关信息

作词 : 大美说

作曲 : 戈桑玛

编曲 : 昂青冷智

翻译:拉周才让

ཁ་བ་གངས་རིའི་ལྗོངས་ནས་དངུལ་དཀར་ཤེལ་གྱི་མེ་ལོང་མཁའ་ལ་འཕགས།

ཨ་ཆེན་གངས་ཀྱི་གཟི་འོད་འཁྲུས་ལ་རོལ་ཞིང་།

གཙང་གསུམ་ཆུ་ཡི་ཟེགས་མའི་ཉིང་བཅུད་གཅིག་ཏུ་བསྡུས།

དཀར་གསལ་ཟླ་བ་མཁའ་ཡི་རྒྱན་དུ་ཤར།

ཡངས་པའི་རྩྭ་ཐང་སྟེང་དུ་དྭངས་གསལ་གཡང་ཊིའི་མེ་ལོང་དལ་གྱིས་ཤར།

གཙང་ཆབ་སྔོན་མོའི་རླབས་འོད་རིམ་གྱིས་ཐིམ་ཞིང་།

རྩྭ་ཐང་ཆེན་པོའི་བསིལ་རླུང་འཇམ་པོ་རྟ་ལ་ཞོན།

དྭངས་གསལ་ཟླ་བས་འཇིག་རྟེན་བཟི་བར་བྱས།

སྟོན་གྱི་འབྲོག་སྟོང་དེ་རུ་ཁུ་སིམ་མཚན་མོ་ཡི་སྒེའུ་ཁུང་གམ་དུ།

ཟླ་འོད་ངོགས་ཀྱི་སེམས་པ་ཁྱོད་སར་ཤོར།

སྐར་ཚོགས་རྩིས་ལ་འགོད་དུས་འཛད་མེད་དྲན་གདུང་གི་ན་ཟུག་བར་ནས།

ཟླ་འོད་ངོགས་ཀྱི་སེམས་པ་ཁྱོད་སར་ཤོར།

ཡུལ་དུས་འཕོ་འགྱུར་ཁྲོད་ནས་ཡིད་འོང་མཚར་སྡུག་གི་ཟླ་གོར་དགུང་ནས་འཛུམ།

ལོ་དང་ཟླ་བའི་དྲན་གདུང་རིང་མོ་གླུ་རུ་བླངས།

སྲོག་གི་སྐྱ་ཡའི་མདང་བརྩེ་མངར་མོ་སེམས་ལ་རུམ།

འགྱུར་མེད་དམ་བཅའ་སྲ་མོ་བྲག་ལ་བརྐོས།

མཛའ་བོའི་དྲོ་མོའི་རུམ་ཁ་དང་མཛའ་མོའི་མཚན་གྱི་རྨི་ལམ་བར་ནས།

ཟླ་འོད་ངོགས་ཀྱི་སེམས་པ་ཁྱོད་སར་ཤོར།

མཛའ་བོའི་དྲོ་མོའི་རུམ་ཁ་དང་མཛའ་མོའི་མཚན་གྱི་རྨི་ལམ་བར་ནས།

ཟླ་འོད་ངོགས་ཀྱི་སེམས་པ་ཁྱོད་སར་ཤོར།

ཟླ་འོད་ངོགས་ཀྱི་སེམས་པ་ཁྱོད་སར་ཤོར།

历史记录

!
提示
播放失败哦,因为我没有版权😂哈哈哈。