戈桑玛歌曲封面
00:00
03:44
🔊

慢一点

专辑
慢一点
发行日期
2025-05-15
流派
暂无
时长
03:44
播放次数
2,356,789
收藏人数
156,432
歌词
相关信息

作词 : 戈桑玛

作曲 : 戈桑玛

编曲 : 昂青冷智

口琴:约里大侠

混音:竖锯音乐工作室

录音:央金音乐工作室

ད་ནི་ཕ་ཡུལ་དུ་ལོག་པའི་ཁ་ཕྱོགས་རྙེད།

ཁ་བའི་ཁྲོད་དུ་རྐང་རྗེན་ལ་ཡུལ་དུ་རྒྱུག

ཉི་མ་མ་ནུབ་སྔོན་དུ་ཡུལ་ལ་སླེབས་ཀྱང་སྲིད།

ཨ་མས་མེ་ཁ་གསོས་ནས་ང་ལ་སྒུག

ཐབ་ཀྱི་འོ་ཇ་ཡང་བསྐྱར་ཐེངས་ཤིག་སྲོས།

མདུན་ཕྱོགས་ཀྱི་རི་བོ་དེ་བརྒལ་ཚེ།

དགུང་ལ་འཁྱུག་པའི་དུད་སྤྲིན་དེ་ཡང་མཐོང་།

རྔུལ་ཆུའི་ཐུག་པ་ཕྲ་མོས་རྒྱབ་ཀྱི་ལྭ་ཡང་བརླན།

ང་ལ་སྟོབས་ཤུགས་གསར་བ་ཞིག་གིས་ཁེངས།

སྦྲ་ཁར་ལངས་པའི་ཨ་མའི་པང་དུ་རྒྱུག

ཨ་མས་ དལ་མོར་ དལ་མོར་ ཤོག་གསུངས།

ད་ནི་གྲང་འཁྱག་གིས་ཁྱོད་རང་གཅུན་མི་སྲིད།

ཨ་མའི་(གཅེས་ཕྲུག)། དལ་མོར་དལ་མོར་ཤོག

ད་ནི་བཀྲེས་ལྟོགས་ཀྱིས་ཁྱོད་རང་མནར་མི་སྲིད།

ཨ་མའི་(གཅེས་ཕྲུག)། དལ་མོར་དལ་མོར་ཤོག

ད་ནི་སྐྱོ་སྡུག་གིས་ཁྱོད་རང་བསླུ་མི་སྲིད།

ད་ནི་ཁེར་རྐྱང་གིས་ཁྱོད་རང་བཟུང་མི་སྲིད།

ཨ་མྱེས་ཀྱིས་བཟོས་པའི་ཚར་ལྭ་དེའི།

འདབས་ཁ་གཙང་བོས་བྲན་ཏེ་རློན་པར་བཏང་།

བསིལ་རླུང་འཇམ་པོས་ཐོད་ཀྱི་རྔུལ་ཆུ་སྐམ་པར་བྱས།

མདུན་གྱི་གཙང་བོ་འཕྲེད་ཀྱིས་བཅད་པའི་ཚེ།

ཨ་མའི་དགའ་འཛུམ་ཀློང་གི་མིག་ཆུ་མཐོང་།

ཨ་མས་དལ་མོར་དལ་མོར་ཤོག་གསུངས།

ད་ནི་གྲང་འཁྱག་གིས་ཁྱོད་རང་གཅུན་མི་སྲིད།

ཨ་མའི་(གཅེས་ཕྲུག)། དལ་མོར་དལ་མོར་ཤོག

ད་ནི་བཀྲེས་ལྟོགས་ཀྱིས་ཁྱོད་རང་མནར་མི་སྲིད།

ཨ་མའི་(གཅེས་ཕྲུག)། དལ་མོར་དལ་མོར་ཤོག

ད་ནི་སྐྱོ་སྡུག་གིས་ཁྱོད་རང་བསླུ་མི་སྲིད།

ད་ནི་ཁེར་རྐྱང་གིས་ཁྱོད་རང་བཟུང་མི་སྲིད།

ད་ནི་ཁེར་རྐྱང་གིས་ཁྱོད་རང་བཟུང་མི་སྲིད།

历史记录

!
提示
播放失败哦,因为我没有版权😂哈哈哈。