
00:00
03:05
希望之声
歌词
相关信息
作词 : 索达吉堪布
作曲 : 曲迈才让
རེ་བའི་འབོད་པ།
ཚིག མཁན་པོ་བསོད་དར་རྒྱས།
དབྱངས། གླིང་རྒྱལ་འཆི་མེད་ཚེ་རིང་།
ལེན་མཁན། པད་མཚོ།
སྲིད་པ་བརྒྱུད་ནས་ཡང་ཡང་རྙེད་དཀའ་བ།།
ངེས་ལེགས་ནོར་བུའི་གཞི་གྱུར་མཐོ་རིས་རྟེན།།
ཆོས་ལྡན་ལུས་འདི་ཡུན་རིང་འཚོ་བའི་ཕྱིར།།
འཕྲོད་བསྟེན་ཚེ་ཡི་བདུད་རྩི་རྒྱུན་དུ་བསྟེན།།
རབ་དཀར་ཁ་བའི་ལྗོངས་སུ་ཉེར་འཁྲུངས་པའི།།
མ་ཡུམ་གངས་དཀར་ལྷ་མོའི་གཅེས་ཕྲུག་ཚོ།།
ནད་ཀྱི་རྒྱུ་གྱུར་དེང་གི་བཟའ་བཏུང་རིགས།།
རིང་དུ་སྤོངས་ལ་ལུས་སེམས་བདེ་ཐང་མཛོད།།
དོན་གཉིས་དཔལ་གྱུར་ཆོས་སྲིད་ནོར་བུའི་མཛོད།།
སེམས་ཀྱིས་འཚོ་ཞིང་ལུས་ཀྱིས་སྲུང་དགོས་པས།།
མི་རེ་བཞིན་དུ་འཕྲོད་བསྟེན་ཉམས་བཞེས་ཏེ།།
ཀུན་ཀྱང་ལུས་སེམས་བདེ་ཐང་ཡོང་བར་གྱིས།།
རྒན་དར་གཞོན་པའི་སྐྱེས་བོ་སུ་ཡིན་ཡང་།།
རང་གི་ལུས་སེམས་རང་གིས་ཉེར་སྲུང་ལ།།
འདི་ཕྱི་དགེ་བའི་ལས་ལ་ཀུན་ཏུ་འབོད།།
རང་གཞན་བདེ་བའི་རྒྱུ་ལ་གཅིག་ཏུ་བརྩོན།།