班措歌曲封面
00:00
03:30
🔊

聚福之地

专辑
梦中的牧女
发行日期
2021-10-28
流派
暂无
时长
03:30
播放次数
2,356,789
收藏人数
156,432
歌词
相关信息

作词 : 雅智绒

作曲 : 卓玛加

编曲 : 卓玛加

༼གཡང་ཆགས་གཡང་གི་ལུང་པ།༽

ཚིག  གཡག་གྲུ་གཟིངས།

དབྱངས།  སྒྲོལ་མ་སྐྱབས།

ལེན་མཁན།  པད་མཚོ།

ས་དགེ་བཅུ་གཡང་གི་ར་བ་ན།།

སྒར་ཁྲ་ཁྲ་སྐར་ཚོགས་རང་ཤར་འདྲ།།

གངས་དཀར་པོ་ལྟ་བུའི་ཐུགས་བསྐྱེད་ལ།།

མ་སེམས་ཅན་འཁོར་བས་ཉམས་རེ་དགའ།།

ཕ་ཡུལ་གཡང་གི་འདུ་ར།

ཕུ་ནུ་གཡང་གི་རུ་མ།

གཞས་ཨ་འཛོམས་ནང་གི་གཡང་འཛོམས་དེ།

ས་འདི་ནས་མི་ལེན་གང་ནས་ལེན།

ས་གཡས་འཁྱིལ་པད་མའི་གཡང་རྫོང་ན།།

སྤང་ན་གཞུང་དུང་དཀར་གཡས་འཁྱིལ་འདྲ།།

སྤྲིན་དཀར་ཆུང་འདྲ་བའི་ལུག་ཁྱུ་དེ།།

ན་སེར་པོའི་ཁུགས་ན་ཉམས་རེ་དགའ།།

ན་གཞུང་པད་མ་གཡས་འཁྱིལ།

ལུག་ཁྱུ་སྐར་མ་སྟོང་ལྡན།

གཞས་ཨ་འཛོམས་ནང་གི་གཡང་འཛོམས་དེ།

ས་འདི་ནས་མི་ལེན་གང་ནས་ལེན།

ས་གཡང་ཆགས་གཡང་གི་ལུང་པ་ན།།

རི་ལ་ལུང་འཇའ་ཚོན་ཤར་འདྲ་རེད།།

ཞོ་འོ་མའི་གཏེར་གྱི་གཡང་ཟོག་དེ།།

རི་ལ་ལུང་མེད་པར་ཉམས་རེ་དགའ།།

གཡང་ཆགས་གཡང་གི་ལུང་པ།

གཡང་ཟོག་གཡང་གི་རུ་མ།

གཞས་ཨ་འཛོམས་ནང་གི་གཡང་འཛོམས་དེ།

ས་འདི་ནས་མི་ལེན་གང་ནས་ལེན།

历史记录

!
提示
播放失败哦,因为我没有版权😂哈哈哈。