戈桑玛歌曲封面
00:00
03:16
🔊

彩虹世界

专辑
彩虹世界
发行日期
2023-03-22
流派
暂无
时长
03:16
播放次数
2,356,789
收藏人数
156,432
歌词
相关信息

作词 : 曲杨达杰

作曲 : 曲杨达杰

混音:扎西顿珠

འཁོར་བ་ཡི་རླུང་འཚུབ་ཁྲོད་དུ།

ང་ཚོ་ནི་སྤུར་བའི་ཤོག་བྱ།

གང་འབབ་ལ་དབང་ཤུགས་མེད་པར།

སེམས་པ་ཡི་གཏིང་དང་ངོས་ཀྱི།

སྐྱིད་སྡུག་གི་གར་ཚན་འཁྲབ་ཀྱིན།

ཡིན་ཡང་། ན་ཟུག་གི་ཁྲོད་ནས།

མདུན་སྐྱོད་ཀྱི་བདེ་དོན་ཞིག་ཚོལ་ཏེ།

འཚོ་བ་ལ་རེ་ཆད་མ་གནོངས།

ཨོ ལྟས་ན་ནི་བསུལ་ཆར་རྗེས་ཀྱི་འཇའ་རིས།

ཚོར་ན་ནི་གཟུགས་དང་མདོག་ལས་མི་འདུག

ཨོ འཇའ་ཚོན་གྱི་འཇིག་རྟེན་དུ།

ཨ འཇིག་རྟེན་གྱི་འཇའ་ཚོན་བཞིན།

དྲན་གདུང་དང་སྐྱོ་ཕམ་སོགས་གཏོར་ཏེ།

ནམ་ཡང་མཛེས་སྡུག་པར་འཚོ་དགོས།

མི་ཚོགས་ཀྱི་རླབས་རྒྱུན་ཁྲོད་དུ།

ང་ཚོ་ཡང་ཁྱད་མ་གྱུར་པར།

ཆོག་ཤེས་མེད་ཧམ་སེམས་ཀློང་དུ།

འདང་ཚིམ་མེད་འཚོ་བའི་ཆེད་དུ།

ཁུར་ལྗིད་པས་དབུགས་རིང་འཐེན་གྱིན།

ཡིན་ཡང་། འདས་ཟིན་ལས་བརྒལ་ཏེ།

ཕྱིར་དྲན་དང་འགྱོད་གདུང་སོགས་འཕེན་ནས།

མ་འོངས་ཀྱི་རེ་བར་སྙེགས་དང་།

ཨོ ང་ཚོ་ནི་ཕྱོགས་མེད་རྒྱུ་བའི་སྤྲིན་དཀར།

འཕྲད་ཙམ་དུ་འདྲེས་ཀྱང་ཚོར་མེད་བྲལ་སོང་།

ཨོ འཇའ་ཚོན་གྱི་འཇིག་རྟེན་དུ།

ཨ འཇིག་རྟེན་གྱི་འཇའ་ཚོན་བཞིན།

སྐད་ཅིག་གི་མཛེས་པ་ལས་མེད་ནའང།

འགྱོད་མེད་འོད་སྟོང་སྟེ་འཚེར་དགོས།

སྐད་ཅིག་གི་མཛེས་པ་ལས་མེད་ནའང།

འགྱོད་མེད་འོད་སྟོང་སྟེ་འཚེར་དགོས།

历史记录

!
提示
播放失败哦,因为我没有版权😂哈哈哈。