
00:00
03:24
今天是吉祥新年
歌词
相关信息
དུས་དེ་རིང་ལོ་སར་ཉིན་མོ་ལ།
ཚིག འཇུ་སྐལ་བཟང་།
དབྱངས། དཔལ་མགོན།
ལེན་མཁན། པད་མཚོ།
རོལ་མོ། གླིང་རྒྱལ་འཆི་མེད་ཚེ་རིང་།
སྒྲ་སྙན། ཛམ་ཐང་འཇིགས་མེད།
དུས་དེ་རིང་ལོ་སར་ཉིན་མོ་ལ། །
སེམས་གངས་དཀར་འདྲ་བོ་སྐྱིད་ལ་འཁོར། །
གངས་རྨ་རྒྱལ་རྩེ་ལ་དར་ཞིག་འཐེན། །
གངས་མི་འགྱུར་བརྟན་པའི་རྟེན་འབྲེལ་ཞུ།
དུས་དེ་རིང་ལོ་སར་ཉིན་མོ་ལ། །
ཡུལ་མཚོ་ཆེན་འདྲ་བོ་སྐྱིད་ཀྱིས་གང། །
མཚོ་སྔོན་པོའི་འགྲམ་ནས་བསང་ཞིག་འཕུད། །
མཚོ་མི་འགྱུར་རྒྱས་པའི་རྟེན་འབྲེལ་ཞུ། །
དུས་དེ་རིང་ལོ་སར་ཉིན་མོ་ལ། །
ལྗོངས་བོད་པའི་དགའ་སྟོན་སྐྱིད་ལ་རོལ། །
བོད་ཁྲོམ་པའི་དབུས་ནས་བྲོ་ཞིག་འཁྲབ། །
བོད་མི་འགྱུར་དར་བའི་རྟེན་འབྲེལ་ཞུ། །
བྱང་ཡ་རིས་ཟེར་ལ་གླུ་ཞིག་ལེན། །
དུས་དེ་རིང་ལོ་སར་ཉིན་མོ་ལ། །
ནང་གཞིས་ཁྱིམ་དྲོན་མོར་སྐྱིད་ཅིག་ཤར། །
གཞིས་གྲུ་བཞིའི་ནང་ནས་གླུ་ཞིག་ལེན། །
གཞིས་མི་འགྱུར་སྐྱིད་པའི་རྟེན་འབྲེལ་ཞུ། །