
人生
མི་ཚེ་རིང་ཡང་ཐུང་ཡང་།
གཞས་ཚིག གཡེ་རུས་རྐང་།
དབྱངས། འབྲུག་ཡུལ་དམངས་གཞས།
གཞས་མ། གནམ་མཚོ།
སྒྲ་ལེན་པ། གཡང་རོང་ཨ་དོན།
སྡེབ་སྐད། གནམ་མཚོ། བསྟན་འཛིན་རྒྱལ།
བརྙན་རིས་ལག་རྩལ་པ། རྟ་ནག་པ།
བརྡ་ཁྱབ་ཇུས་འགོད་པ། ཚེ་དབང་སྐྱབས།
མི་ཚེ་རིང་ཡང་ཐུང་ཡང་།
འཁོར་བའི་ལམ་ཁར་མཉམ་དུ་འགྲོ།
འཁོར་བར་དཀའ་སྡུག་ཆེ་ཡང་།
བརྩེ་འདང་སེམས་སུ་སྒོམ་ནས་ཡོད།
སེམས་པ་སྐྱིད་བྱུང་ལ།
མི་ཚེ་རིང་ཡང་ཐུང་ཡང་།
འཁོར་བའི་དཀའ་ཁག་མཉམ་དུ་བརྒལ་ནས་འགྲོ
དགའ་བའི་མི་ལ་སེམས་པ་སྟོན་བཞིན་འགྲོ
རང་རང་སེམས་ཀྱི་འདང་བརྩེ་ངོམ་བཞིན་འགྲོ
མི་ཚེ་རིང་ཡང་ཐུང་ཡང་།
འཇིག་རྟེན་འཁོར་བ་མཉམ་དུ་རོལ།
འཁོར་བར་གྲང་ངད་ལྡན་ཡང་།
བར་ཐག་སེམས་ཀྱིས་བསྐྱོར་ནས་ཡོད།
སེམས་པ་སྐྱིད་བྱུང་ལ།
མི་ཚེ་རིང་ཡང་ཐུང་ཡང་།
འཚོ་བའི་སུན་སྣང་རྒྱང་དུ་གཡུག་ནས་འགྲོ
འདས་པའི་ལོ་ཟླ་རྒྱབ་ཏུ་བསྐྱུར་ནས་འགྲོ
རང་རང་སེམས་ཀྱི་རྨི་ལམ་འཚོལ་བཞིན་འགྲོ
མི་ཚེ་རིང་ཡང་ཐུང་ཡང་།
འཇིག་རྟེན་འཁོར་བ་མཉམ་དུ་རོལ།
འཁོར་བར་གྲང་ངད་ལྡན་ཡང་།
བར་ཐག་སེམས་ཀྱིས་བསྐྱོར་ནས་ཡོད།
སེམས་པ་སྐྱིད་བྱུང་ལ།