
别怕
作词 : 戈桑玛
作曲 : 戈桑玛
编曲 : 昂青冷智
和声:戈桑玛
盖那笛:才巴
录音:CUI旦增次旺
录音室:WIND FIRE MUSIC
混音:竖锯音乐工作室
封面:插画师-白白
རླུང་བུ་བསིལ་བསིལ་ལྡང་།
ཆར་བ་ཤག་ཤག་འཇོ།
ཁྱོད་ཀྱི་དགོད་སྒྲ་སྙན་པ།
ནམ་ཡང་སྐྱོ་སྡུག་ཡོད་མྱོང་མེད་པ་དང་འདྲ།
ཁྱོད་སྐྲག་མི་དགོས།
Emmm~
ཆུ་ཕྲན་ལྷུང་ལྷུང་འབབ།
ཞབ་བྲོ་ལྡེམ་ལྡེམ་འཁྲབ།
ཁྱོད་ཀྱི་འཛུམ་ཆུང་གྲོལ་བ།
ནམ་ཡང་གྱེས་གདུང་ཡོད་མྱོང་མེད་པ་དང་འདྲ།
ཁྱོད་སྐྲག་མི་དགོས་།
Emmm~
སྐར་མ་ལགས།
སྨག་ནག་གི་མཚན་མོར།
ཁོ་ལ་འོད་སྣང་བཏེགས་ཏེ།
ཁོའི་འཇིགས་སྣང་སེལ་རོགས།
རྒྱ་མཚོ་ལགས།
སྡུག་བསྔལ་གྱི་ལོ་ཟླར།
ཁོ་ལ་སྐྱིད་སྣང་བསྩལ་ཏེ།
ཁོའི་འཇིགས་སྣང་སེལ་རོགས།
ཆུ་ཕྲན་ལྷུང་ལྷུང་འབབ།
ཞབ་བྲོ་ལྡེམ་ལྡེམ་འཁྲབ།
ཁྱོད་ཀྱི་འཛུམ་ཆུང་གྲོལ་བ།
ནམ་ཡང་གྱེས་གདུང་ཡོད་མྱོང་མེད་པ་དང་འདྲ།
ཁྱོད་སྐྲག་མི་དགོས་།
Emmm~
སྐར་མ་ལགས།
སྨག་ནག་གི་མཚན་མོར།
ཁོ་ལ་འོད་སྣང་བཏེགས་ཏེ།
ཁོའི་འཇིགས་སྣང་སེལ་རོགས།
རྒྱ་མཚོ་ལགས།
སྡུག་བསྔལ་གྱི་ལོ་ཟླར།
ཁོ་ལ་སྐྱིད་སྣང་བསྩལ་ཏེ།
ཁོའི་འཇིགས་སྣང་སེལ་རོགས།
སྐར་མ་ལགས།
སྨག་ནག་གི་མཚན་མོར།
ཁོ་ལ་འོད་སྣང་བཏེགས་ཏེ།
ཁོའི་འཇིགས་སྣང་སེལ་རོགས།
རྒྱ་མཚོ་ལགས།
སྡུག་བསྔལ་གྱི་ལོ་ཟླར།
ཁོ་ལ་སྐྱིད་སྣང་བསྩལ་ཏེ།
ཁོའི་འཇིགས་སྣང་སེལ་རོགས།
ཁྱོད་ལ་ནམ་ཡང་བདེ་སྐྱིད་ལྡན་ངེས།
ཁྱོད་ལ་ནམ་ཡང་དགའ་སྤྲོ་སྐྱེ་ངེས།
ངས་ནམ་ཡང་བརྗེད་པ་མི་སྲིད།
ཁྱོད་སྐྲག་མི་དགོས།
Emmm~