
00:00
02:46
贤哲
歌词
相关信息
ལུགས་གཉིས་སྐྱོང་བའི་རྗེ་བོ།
ཚིག འབྲོང་དཔལ་ཚེ།
གདངས། མི་གསལ།
གཞས་མ། གནམ་མཚོ།
མ་བཅོས་རང་གཤིས་བཟང་པོར།།
དྲང་བདེན་ཕྲ་རྒྱན་བཏབ་འདྲ།།
ལྷག་བསམ་ཟླ་བ་ཚེས་ཚེས།།
ཟླ་བའི་འཁོར་ཕྱོགས་འཕྱུག་མེད།།
གང་བ་སྤྲུལ་བའི་སྐུ་མཆོག།
ལུགས་གཉིས་སྐྱོང་བའི་དཔོན་ཡིན།
དམན་ལ་གཅིག་ཏུ་བརྩེ་བའི།།
གཞན་ཕན་མཁའ་ལྟར་ཡངས་པ།།
འཛད་མེད་དཔལ་དང་འབྱོར་བས།།
སྐུ་བསོད་དབང་ཐང་རྒྱས་པ།།
སྐྱེས་ཡག་ཉི་མ་རང་ཤར།།
བསོད་ནམས་ལས་ཀྱི་ལྷ་ཡིན།།
རིགས་རུས་དངུལ་དཀར་མེ་ལོང་།།
མེ་ལོང་ཕྱི་གསལ་ནང་གསལ།།
བྱམས་བརྩེ་ཨ་གར་ལྗོན་པ།།
ལྗོན་པའི་དྲི་བསུང་འཐུལ་ལེ།།
གང་བ་སྤྲུལ་བའི་སྐུ་མཆོག།
ཡུལ་འདིའི་རྒྱན་དུ་མཛེས་སོང་།།