三智才让歌曲封面
00:00
04:25
🔊

四季的呼唤

专辑
四季的呼唤
发行日期
2022-04-08
流派
暂无
时长
04:25
播放次数
2,356,789
收藏人数
156,432
歌词
相关信息

作词 : 拉贡

作曲 : 三智才让

编曲 : 三智文化传媒

录音后期:三智文化传媒

བསིལ་བསིལ་ལྡང་བའི་རླུང་བུ་འཇམ་པོ། བསྭོ་ཡ་ལ།

དཔྱིད་ཀྱི་མ་ལོའི་བརྩེ་བ་ཨེ་ཡིན། བསྭོ་ཡ་ལ།

དབྱངས་འགྲོས་འཁྱིལ་བའི་ཆུ་མོའི་བཞུར་སྒྲ། བསྭོ་ཡ་ལ།

ཀ་མད་སུམ་ཅུའི་རམ་སྐྱོར་ཡིན་སོང་། བསྭོ་ཡ་ལ་ཟེར།

ལྷུག་ལྷུག་གྲོལ་བའི་ཁྲ་ཚོམ་མེ་ཏོག བསྭོ་ཡ་ལ།

དབྱར་གྱི་བུ་མོའི་ལང་ཚོ་ཨེ་ཡིན། བསྭོ་ཡ་ལ།

གཟི་ཡིས་བཏབ་པའི་སྤང་ཐང་ཡངས་པོ། བསྭོ་ཡ་ལ།

བཅུ་ཕྲག་རིག་པའི་དོ་ར་ཡིན་སོང་། བསྭོ་ཡ་ལ་ཟེར།

ལྡེམ་ལྡེམ་གཡོ་བའི་ལོ་ཡག་སྙེ་མ། བསྭོ་ཡ་ལ།

སྟོན་གྱི་ཕ་ལོའི་ལག་བརྡ་ཨེ་ཡིན། བསྭོ་ཡ་ལ།

གསེར་གྱིས་བྲིས་པའི་འབྲུ་ཞིང་སེར་པོ། བསྭོ་ཡ་ལ།

མི་ཡུལ་འགྲིམ་པའི་ལམ་ཡིག་ཡིན་སོང་། བསྭོ་ཡ་ལ་ཟེར།

ལྷབ་ལྷུབ་འབབ་པའི་ཁ་བ་དཀར་པོ། བསྭོ་ཡ་ལ།

དགུན་གྱི་ཕོ་ཉའི་གསང་འཕྲིན་ཨེ་ཡིན། བསྭོ་ཡ་ལ།

དངུལ་ལ་བྲན་པའི་གྲང་རེག་མདའ་མོ། བསྭོ་ཡ་ལ།

རྒྱུ་འབྲས་སྟོན་པའི་རྣམ་གཞག་ཡིན་སོང་། བསྭོ་ཡ་ལ་ཟེར།

历史记录

!
提示
播放失败哦,因为我没有版权😂哈哈哈。