
牧之韵
འབྲོག་ལ་ཐིམ་པའི་དབྱངས།
ཚིག འཇམ་དབྱངས་བསམ་འགྲུབ།
དབྱངས། ལྷ་རྗེ་ཀུན་བཟང་།
ལེན་མཁན། ཚེ་དབང་ལྷ་མོ།
རྟ་ཕོའི་འཚེར་སྐད་དགྲ་ལྷ་འབོད་པའི་དབྱངས། །
འབྲི་མོའི་ངུར་ཤང་ཕྱུགས་རིགས་འཕེལ་བའི་གདངས། །
གཡང་དཀར་འབའ་སྒྲ་རྒྱུ་གཡང་འཁོར་བའི་སྐད། །
བཀྲ་ཤིས་གཡང་གི་ངག་འདི་སྙན་ཞིང་འཇེབས། །
ཨ་་་་་གཡང་ཟོག གཡང་ལྷ་གཡང་ཟོག
ཨ་་་་་འབྲོག་པ། ནོར་གྱི་བདག་པོ།
བཀྲ་ཤིས་གཡང་ཆགས།
མི་ལ་དཔལ་རྒྱས།
ཕྱུགས་ལ་གཡང་འཁོར།
མི་དང་ཕྱུགས་ལ་བཀྲ་ཤིས་དཔལ་གཡང་འཁོར།
མཐིང་སྨུག་སྦྲ་ནག་གཞིས་ཁྱིམ་ཡོངས་ཀྱི་མཆོག །
མར་ཆུར་འོ་ཞོ་བཟའ་བ་ཀུན་ཀྱི་ཕུད། །
ལྕི་བའི་མེ་དྲོད་ཚ་རེག་རྣམས་ཀྱི་རྩེ། །
འཇིག་རྟེན་འཚོ་བའི་དྭངས་མ་བོད་ཀྱི་ཟས། །
ཨ་་་་་གཡང་ཟོག གཡང་ལྷ་གཡང་ཟོག
ཨ་་་་་འབྲོག་པ། ནོར་གྱི་བདག་པོ།
བཀྲ་ཤིས་གཡང་ཆགས།
མི་ལ་དཔལ་རྒྱས།
ཕྱུགས་ལ་གཡང་འཁོར།
མི་དང་ཕྱུགས་ལ་བཀྲ་ཤིས་དཔལ་གཡང་འཁོར།
ཨ་་་་་གཡང་ཟོག གཡང་ལྷ་གཡང་ཟོག
ཨ་་་་་འབྲོག་པ། ནོར་གྱི་བདག་པོ།
བཀྲ་ཤིས་གཡང་ཆགས།
མི་ལ་དཔལ་རྒྱས།
ཕྱུགས་ལ་གཡང་འཁོར།
མི་དང་ཕྱུགས་ལ་བཀྲ་ཤིས་དཔལ་གཡང་འཁོར།
མི་དང་ཕྱུགས་ལ་བཀྲ་ཤིས་དཔལ་གཡང་འཁོར།