
00:00
01:59
无缘蜜友-林秋
歌词
相关信息
ལས་འཕྲོ་མེད་པའི་བྱམས་པ།
གཞས་ཚིག: ཀླུངས་གླིང་བུ།
དབྱངས: མགར་རྡོ་རྗེ་གྲགས་པ།
ལེན་མཁན: ལེགས་མཆོག།
ཡིག་སྒྱར་བ:ཨ་ཁུ་པདྨ།
ཁ་ཚིག་སེམས་ལ་ཕོག་བྱུང་།།
སྙིང་ལ་གས་ཆག་བཏང་སོང་།།
མ་བཤད་བསམ་པ་མེད་ཀྱང་།།
ད་དུང་མཐུན་རྒྱུ་མུ་འདུག།
འགྲོགས་ནས་ཤ་ཁྲག་འདྲེས་སོང་།།
འདྲིས་དུས་ཐུ་རུ་ལངས་སོང་།།
མ་མྱོངས་བསམ་པ་མེད་ཀྱང་།།
ད་དུང་འགྲིག་རྒྱུ་མི་འདུག།
བརྩེ་དུང་ཨ་ཀྱོག་བར་ཀྱོག།།
སེམས་པ་དེ་ལས་ཀྱོག་པ།།
མ་བཙལ་བསམ་པ་མེད་ཀྱང་།།
ད་དུང་རྙེད་རྒྱུ་མི་འདུག།
སེམས་ལ་སེམས་པ་མ་འདྲིས།།
སྡུག་ལ་སྡུག་རྩེག་རྒྱབ་ཡོད།།
མ་བྱས་བསམ་པ་མེད་ཀྱང་།།
ད་དུང་ཡོང་རྒྱུ་མི་འདུག།