泽旺拉姆歌曲封面
00:00
03:00
🔊

藏地羊脂玉碗

专辑
藏地羊脂玉碗 བོད་ཀྱི་དཀར་ཡོལ་གཡང་ཊྲི།
发行日期
2025-05-15
流派
暂无
时长
03:00
播放次数
2,356,789
收藏人数
156,432
歌词
相关信息

作词 : 旺仲松

作曲 : 佐庆丹真

编曲 : 晓庆

བོད་ཀྱི་དཀར་ཡོལ་གཡང་ཊྲི།

ཚིག་རྩོམ་པ་པོ། དབང་དྲང་སྲོང་།

དབྱངས་རྩོམ་པ་པོ། རྫོགས་ཆེན་བསྟན་འཛིན།

གཞས་མ། ཚེ་དབང་ལྷ་མོ།

གངས་རི་ར་བ་ཡིས་ཁྱེད་ཀྱི་མཐའ་ནས་སྐོར། །

རང་བྱུང་རྩི་བཅུད་ཀྱིས་ཁྱེད་ལ་གསོན་ཉམས་སྟེར། །

ཁ་འབབ་ཆུ་བོ་ཡིས་ཁྱེད་ལ་དངོས་གྲུབ་འཐོར། །

ངོ་མཚར་ཆེ་བོད་ཀྱི་དཀར་ཡོལ་གཡང་ཊྲི། །

ཨོ་་་

ངོ་མཚར་ཆེ་བོད་ཀྱི་དཀར་ཡོལ་གཡང་ཊྲི། །

མདོ་དབུས་མཐོ་སྒང་ནས་ཁྱེད་ཀྱི་འོད་རླབས་འཚེར། །

སྐྱེ་འགྲོའི་འཚོ་བཅུད་ལ་ཁྱེད་ཀྱིས་འདོད་དགུ་བྱིན། །

མི་རིགས་རིག་གནས་ལ་ཁྱེད་ཀྱིས་ལོ་རྒྱུས་བྲིས། །

ངོ་མཚར་ཆེ་བོད་ཀྱི་དཀར་ཡོལ་གཡང་ཊྲི། །

ཨོ་་་

ངོ་མཚར་ཆེ་བོད་ཀྱི་དཀར་ཡོལ་གཡང་ཊྲི། །

དམར་སེར་ཚོན་མདངས་ཀྱི་ལང་ཚོ་ཁྱེད་ཀྱིས་ངོམ། །

ཡངས་པའི་ས་ཆེན་ལ་ཁྱེད་ཀྱིས་བསིལ་ཟེར་སྦྱིན།།

སྣ་མང་བཀོད་པ་ཡི་རྩ་ལག་ཁྱེད་ལ་བཀྲ། །

ངོ་མཚར་ཆེ་བོད་ཀྱི་དཀར་ཡོལ་གཡང་ཊྲི། །

ཨོ་་་

ངོ་མཚར་ཆེ་བོད་ཀྱི་དཀར་ཡོལ་གཡང་ཊྲི། །

ངོ་མཚར་ཆེ་བོད་ཀྱི་དཀར་ཡོལ་གཡང་ཊྲི། །

历史记录

!
提示
播放失败哦,因为我没有版权😂哈哈哈。