
在于我-代青拉姆
རང་གི་ལག་རེད།
在于我
གཞས་ཚིག་རྩོམ་པ་པོ། ཚུར་ལེན།
词:次林
དབྱངས་རྩོམ་པ་པོ། ངག་དབང་བཀྲ་ཤིས།
曲:昂旺扎西
གཞས་གཏོང་མཁན། བདེ་ཆེན་ལྷ་མོ།
演唱:代青拉姆
བདེ་སྐྱིད་འདི་མི་འདུག་མ་སེམས། །
བདེ་སྐྱིད་ནི་རང་ལ་རག་ལས། །
ལྷན་དུ་སྐྱོད། ནམ་ཡང་ལྷན་དུ་སྐྱོད།
གུ་ཡངས་ཀྱི་སེམས་རྒྱ་མ་ལྷོད་པར། །
རང་རྟོན་གྱི་ལམ་ནས་སྐྱོད་འགྲོ། །
དགོད་ཤོག སྤྲོ་ཤོག སྔར་བཞིན་སྐྱོད།
སྡུག་བསྔལ་རང་གིས་མ་ཉོ། །
བདེ་སྐྱིད་སེམས་ལ་ཐུག་ཡོད། །
ལྷན་དུ་སྐྱོད།
མདུན་ལམ་འདི་རིང་འདུག་མ་སེམས། །
སྙིང་སྟོབས་ཀྱི་སྤོབས་པའི་ངང་ནས། །
མདུན་དུ་སྐྱོད། ནམ་ཡང་མདུན་དུ་སྐྱོད།
བྱམས་བརྩེ་ཡི་གཤོག་པ་རྐྱོང་ནས། །
བདེ་སྐྱིད་ཀྱི་ཞིང་ལ་ཆས་འགྲོ། །
འཚོལ་འགྲོ། ཆས་འགྲོ། སྔར་བཞིན་འཚོ།
བརྩོན་འགྲུས་རང་གིས་མ་ལྷོད། །
མདུན་ལམ་རང་ལ་རག་ལས། །
མདུན་དུ་བསྐྱོད།
སྡུག་བསྔལ་གྱིས་བཟི་སོང་མ་སེམས། །
སྤྲོ་སྣང་གིས་བདེ་སྐྱིད་གནང་བས། །
སྐྱིད་ལ་རོལ། ནམ་ཡང་སྐྱིད་ལ་རོལ།
དགའ་སྤྲོ་ཡི་འཛུམ་མདངས་ངོམ་ནས། །
སྙན་འཇེབས་ཀྱི་དབྱངས་ལ་ཞུགས་འགྲོ། །
དགའ་ཤོག སྐྱིད་ཤོག སྔར་བཞིན་འཚོ།
མི་ཚེའི་དགའ་སྐྱིད་ཡོད་ཚད། །
ཚང་མ་རང་གི་ལག་རེད། །
སྐྱིད་ལ་རོལ།