长明佛灯
作词 : 才让吉
作曲 : 三智才让
编曲 : 许文君
གེ་སར་རྒྱལ་པོའི་དཔའ་རྟུལ་གྱི་སྣང་བརྙན་བཞེངས་བྱུང་།
བཟོད་མོད་ཀྱི་ན་ཟུག་རེ་རེ་ཤ་དང་རུས་པ་ཡིས་མྱངས་སོང་།
ས་ཆེན་གྱི་པང་ཁ་ནས་ཚེ་སྲོག་དེ་སྦར་སོང་བས།
མེས་པོ་ཚོའི་གནའ་གཏམ་ཤོད་པའི་སྤུན་ཟླ་ལགས།
ཁྱེད་བདེ་བར་གཟིམས་རོགས།
ཨོཾ་མ་ཎི་པདྨེ། ཨོཾ་མ་ཎི་པདྨེ། ཨོཾ་མ་ཎི་པདྨེ་ཧཱུཾ།

སྲོང་བཙན་སྒམ་པོའི་རྟ་དམག་གི་རྨོག་སྒྲ་སྒུལ་བྱུང་།
བླ་མེད་ཀྱི་ཚེ་སྲོག་གསོན་པོ་དམར་པོ་མེ་ལྕེ་ལ་སྦར་སོང་།
མུན་པའི་ཡུལ་ལ་འོད་སྣང་གི་རེ་བ་ཞིག་སྤྲད་བྱུང་བས།
ཡབ་ཆེན་གྱི་རུས་པ་འདེགས་པའི་སྤུན་ཟླ་ལགས།
ཁྱེད་བདེ་བར་གཟིམས་རོགས།
ཨོཾ་མ་ཎི་པདྨེ། ཨོཾ་མ་ཎི་པདྨེ། ཨོཾ་མ་ཎི་པདྨེ་ཧཱུཾ།
ཨོཾ་མ་ཎི་པདྨེ། ཨོཾ་མ་ཎི་པདྨེ། ཨོཾ་མ་ཎི་པདྨེ་ཧཱུཾ།
རྣམ་ཤེས་རེ་རེ་མཚན་ལྗོངས་ཀྱི་པང་ཁ་ནས་འབར་བྱུང་།
ས་ཆེན་ནས་མེ་སྟག་རེ་རེ་མཆེད་དེ་བར་སྣང་ལ་ཡལ་སོང་།
ངའི་སེམས་ལ་ཚེ་འབར་ཀྱི་མར་མེ་ཞིག་སྒྲོན་སོང་བས།
ཤ་རུས་ཀྱི་བདག་པོ་འཚོལ་བའི་སྤུན་ཟླ་ལགས།